ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ལས་མིའི་གླ་ཆ་ཆད་འགྱངས་བྱེད་མཁན་སྦྱིན་བདག་ཚོ། གཟོབས་ཤིག

སྤེལ་དུས 2019-11-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། རྩོམ་པ་པོ།
           མ་རུང་ཁོག་བཅངས་ཐོག་ནས་གླ་ཆ་ཆད་འགྱངས་བྱེད་མཁན་ཉེས་བསགས་པར་ཚན་པ་མང་པོས་མཉམ་དུ་རྡུང་རྡེག་བཏང་བ་དང་། ཞིང་པ་ལས་མིར་གླ་ཆ་རག་རྒྱུ་ཐབས་རྒྱ་ཇུས་སྟོང་ཐོག་ནས་འགན་ལེན་བྱས་པ།

           སྤྱི་ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཏེ། རང་རྒྱལ་གྱི་མ་རུང་ཁོག་བཅངས་ཐོག་ནས་གླ་ཆ་ཆད་འགྱངས་བྱེད་མཁན་ཉེས་བསགས་པར་རྡུང་རྡེག་གཏོང་བའི་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། འབྲེལ་ཡོད་འགན་འཁུར་བས། བཀག་སྡོམ་བྱ་ཐབས་ཚ་ནན་བཟུང་ནས། རྡུང་རྡེག་དྲག་པོ་གཏོང་བ་བརྒྱུད། མཐོ་གནོན་གྱི་རྣམ་པ་ཆགས་པ་བྱེད་པ་དང་། མ་རུང་ཁོག་བཅངས་ཐོག་ནས་གླ་ཆ་ཆད་འགྱངས་བྱེད་པའི་རིགས་གཏན་འགོག་བྱ་རྒྱུ་རེད་ཅེས་གསུངས་ཡོད།
           སྤྱི་ལོ་2011ལོ་ནས་སྤྱི་ལོ་2019ལོའི་ཟླ་བ་9པའི་བར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་མ་རུང་ཁོག་བཅངས་ཐོག་ནས་གླ་ཆ་ཆད་འགྱངས་ཀྱི་ཉེས་བསགས་དོགས་ཡོད་གྱོད་དོན་26719སྤྱི་བདེ་ཚན་པར་རྩིས་སྤྲད་པ་དང་། རིམ་ཁག་ཁྲིམས་ཁང་གིས་གྱོད་དོན་10243ལ་འདྲི་གཅོད་བྱས་ནས་མཇུག་བསྡོམས་རྒྱབ་པ། གྱོད་ཡ་7674ལ་དུས་བཀག་བཙོན་འཇུག་དང་བཀག་ཉར་གྱི་ཆད་པ་བཅད་པ། དེའི་ཁྲོད་མི་116ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་གྱི་ཆད་པ་བཅད་པ། སྤྱི་ལོ་2008ལོའི་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་ཚད་4%དང་བསྡུར་ན། སྤྱི་ལོ་2018ལོར་སླེབས་སྐབས། གྲངས་ཚད་དེ་0.6%བར་ཆག་ཡོད་པ་རེད།
 
           རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་རྩ་བཅོས་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཁྲེང་གིས། ལོ་མང་པོའི་རིང་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་བརྒྱུད། གླ་ཆ་ཆད་འགྱངས་བྱེད་པའི་གནད་དོན་བཀག་འགོག་ནུས་ལྡན་ཐུབ་ཡོད། འོན་ཀྱང་ཚན་པ་དང་མི་སྒེར་ཁག་ཅིག་གིས་སྔར་བཞིན་གླ་ཆ་གཏོང་སྤྲོད་བྱེད་པའི་འོས་འགན་ལས་གཡོལ་ཐབས་བྱེད་བཞིན་ཡོད་ཅེས་གསུངས་ཡོད།
           ཝང་ཁྲེང་གིས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས་གླ་ཆ་ཆད་འགྱངས་བྱེད་པའི་གྱོད་དོན་ཞིབ་བཤེར་ཐག་གཅོད་དང་རྩིས་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། གླ་ཆ་ཆད་འགྱངས་བྱེད་མཁན་ཁྲིམས་འགལ་ཉེས་བསགས་གྱོད་དོན་ཐད་དུས་ཐོག་ཏུ་ཞིབ་བཤེར་དཔང་ལེན་བྱེད་པ། གྱོད་དོན་ཡོད་ཀྱང་སྙན་སེང་མི་ཞུ་བ་དང་། དངུལ་ཆད་ཐོག་ནས་ཉེས་ཁྲིམས་ཀྱི་ཚབ་བྱེད་པའི་སྣང་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། སྤྱི་ལོ་2020ལོར་སླེབས་སྐབས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གནས་ཚུལ་གཞི་རྩའི་ཆ་ནས་མཐོང་རྒྱུ་མེད་པར་འགྱུར་བ་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ། དེ་མིན་ད་དུང་། སྤྱི་ཟླ་11པའི་ཚེས་15ཉིན་ནས་སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་བར་དུ། གླ་ཆ་ཆད་འགྱངས་རྩ་བཅོས་བྱེད་པའི་དགུན་དུས་འགག་སྒྲོལ་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།