རླངས་འཁོར་ཁ་ལོ་བ་ཚོས་འདིར་ངེས་པར་དུ་གཟིགས་རོགས།
སྤེལ་དུས 2019-11-18
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཟླ་11ཚེས་13ཉིན་ཧྲེན་དབྱང་གསར་འགྱུར་འཕྲིན་ལམ་ནས་བསྟན་པའི་བརྙན་ཐུང་ཞིག་ཏུ།
རླངས་འཁོར་ཞིག་ལམ་འགྲམ་དུ་བཞག་ཡོད་པ་དང་། བྱིས་པ་ཆུང་ཆུང་ཞིག་གཅིག་པུ་རླངས་འཁོར་གྱི་འགྲམ་དུ་ཡར་འགྲོ་མར་འགྲོ་བྱེད་ཅིང་། སྐབས་རེར་ད་དུང་རླངས་འཁོར་གྱི་འོག་ལ་འཛུལ་ནས་རྩེད་མོ་རྩེ་བཞིན་ཡོད་ལ། ཕལ་ཆེར་རླངས་འཁོར་འོག་ཏུ་ལུས་པའི་རྩེད་ཆས་ལེན་བཞིན་པ་འདྲ། སྐར་མ་བཅུ་ལྷག་འགོར་རྗེས། བྱིས་པ་དེ་རླངས་འཁོར་ལ་བསྐོར་ནས་གཡས་འཁོར་གྱི་རྒྱབ་ཕྱོགས་སུ་བསྡད། སྐབས་དེར་འཁོར་བདག་ཚུར་ཡོང་བ་དང་། སྟབས་ལེགས་པ་ཞིག་ལ་ཁ་ལོ་བ་ཁོང་རླངས་འཁོར་ནང་མ་བསྡད་གོང་རླངས་འཁོར་གྱི་མཐར་སྐོར་བ་གཅིག་བརྒྱབ་པས། དུས་ཐོག་ཏུ་བྱིས་པ་ཆུང་ཆུང་དེ་མཐོང་ཞིང་། སྐྱོ་གར་ཞིག་ལས་གཡོལ་ཐུབ་པ་བྱུང་།
དྲ་གྲོགས་ཚོས་བརྙན་དེ་མཐོང་རྗེས་ཁ་ལོ་བའི་ཡིག་རྒྱུགས་སྤྲོད་སྐབས་སློབ་ཚན་གསུམ་པར་རླངས་འཁོར་དུ་མ་བསྡད་གོང་རླངས་འཁོར་ལ་སྐོར་བ་ཐེངས་གཅིག་རྒྱག་དོན་གཞི་ནས་ཤེས་བྱུང་ཞེས་བཤད་འདུག
བདེ་འཇགས་གསལ་འདེབས།
རླངས་འཁོར་མ་བསྐོར་གོང་ངེས་པར་དུ་རླངས་འཁོར་ལ་སྐོར་བ་ཐེངས་གཅིག་རྒྱག་དགོས་པ་དང་། རླངས་འཁོར་གྱི་གནས་ཚུལ་དང་མཐའ་འཁོར་གྱི་ཁོར་ཡུག་ལ་ཞིབ་བཤེར་བྱེད་དགོས།
ཁྱོད་ལ་རླངས་འཁོར་གཏོང་སྐབས་སྔོན་ལ་རླངས་འཁོར་ལ་སྐོར་བ་ཐེངས་གཅིག་བརྒྱབ་ནས་ཞིབ་བཤེར་བྱེད་པའི་གོམས་གཤིས་ཡོད་དམ།
རྩོམ་སྒྲིག་པ། བདེ་སྒྲོལ།