ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ད་ལོ་བོད་ཀྱིས་ལས་མིའི་གླ་ཆ་སྒོར་དུང་ཕྱུར2ཙམ་ལེན་རོགས་བྱས་འདུག

སྤེལ་དུས 2019-11-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          འདི་ལོ་ཚུན་དུ་རང་ལྗོངས་ཀྱིས་ལྗོངས་ཡོངས་སུ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་གཙང་སེལ་བཅོས་སྒྲིག་དང་། རྒྱལ་སྟོན་གོང་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་མེད་པར་བཟོས་པ། གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་དབྱར་ཁའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། སྲིད་གཞུང་གི་ལས་གྲྭའི་རྣམ་གྲངས་ནས་གླ་ཆ་ཆད་པའི་གནད་དོན་དང་འབྲེལ་བའི་ཚན་པ་250ལ་བཅོས་སྒྲིག་བྱས་ཡོད། 
          ཟླ་དང་པོ་ནས་10པ་བར་ལྗོངས་ཡོངས་ཀྱིས་མི་སྤྱོད་ཚན་པ་9472ལ་རང་འགུལ་ངང་ཞིབ་བཤེར་བྱས་ནས་མི་ཁྲི་2.82ལ་ངལ་རྩོལ་གན་རྒྱ་གསབ་འཇོག་བྱས་པ་དང་། ཐེར་འདོན་གོང་ཞུའི་གྱོད་གཞི་ཁག་1279བདག་སྤྲོད་དང་ཐག་གཅོད་བྱས་ནས་རིམ་རྩིས་བྱས་ན་ལས་མི་9991དང་འབྲེལ་བའི་གླ་ཆ་སྒོར་དུང་ཕྱུར་1.89ཙམ་ལེན་རོགས་བྱས་ཡོད། 
          མིག་སྔའི་བར་དུ་རང་ལྗོངས་ཀྱིས་སྤྱི་ཚོགས་ལ་ངལ་རྩོལ་འགན་སྲུང་ཐད་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལྡན་པའི་ཁེ་ལས་9ཁྱབ་བསྒྲགས་བྱས་པ་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་མཁན“མིང་ཐོ་ནག་པོར”བཅུག་པའི་ཁེ་ལས་8ཁྱབ་བསྒྲགས་བྱས་པ། ལྗོངས་ནང་ཁུལ་གྱི་ཁེ་ལས་391ལ་ཡིད་རྟོན་གྱི་རིམ་པ་དབྱེ་ནས་ངལ་རྩོལ་གླ་ཆ་རྩ་བ་ནས་མི་སྤྲོད་པའི་གྱོད་གཞི་10ཁྲིམས་འཛིན་སྡེ་ཚན་ལ་རྩིས་སྤྲད་པ། རྐང་བཙུགས་ནས་གླ་ཆ་འགྱངས་ཆད་བྱེད་མཁན་ཁེ་ལས་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱས་ཏེ་གླ་ཆ་འགྱངས་ཆད་ལ་བཅོས་སྒྲིག་བྱེད་པའི་ཟིལ་ཤུགས་རྒྱུན་ཆད་མེད་པར་མངོན་པར་བྱས་ཡོད། 
          གཞན་ཡང་རང་སྐྱོང་ལྗོངས་ཀྱི་2018ལོའི་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་རྗེས། རང་ལྗོངས་ཀྱིས་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་ཁ་འཁོར་མ་དངུལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། འདི་ལོ་རང་ལྗོངས་ཀྱི་གླ་ཆ་སྤྲོད་པའི་འགན་ལེན་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། 
          འདི་ལོ་རང་ལྗོངས་ཀྱི་ཁེ་ལས་2208ཀྱིས་ཞིང་པ་ལས་མིའི་གླ་ཆའི་འགན་ལེན་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་བསྐྱལ་བ་དང་།  གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་ཁ་འཁོར་མ་དངུལ་སྒོར་དུང་ཕྱུར་6.2བཏང་བ། ལས་མིའི་ཁེ་དབང་སྲུང་སྐྱོང་གི་གསལ་སྟོན་བྱང་བུ་ཁྱོན་ཡོངས་ལ་ཁྱབ་རྒྱུ་སྤྱིར་ན་མངོན་འགྱུར་བྱས་ཡོད། ད་དུང་ཞིང་པ་ལས་མིའི་གླ་ཆ་ཆེད་འཇོག་རྩིས་ཁྲ་493བཟོས་པ་དང་གླ་ཆའི་གཱ་ཁྲི་3.28སྤྲད་པ། དངུལ་སྒོར་དུང་ཕྱུར་5.43ཚབ་སྤྲོད་བྱས་ཏེ་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་ལས་དོན་དེ་མ་ལག་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་གི་ཕྱོགས་སུ་རིམ་བཞིན་སྐྱོད་ཐུབ་པ་བྱས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།