ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

བལ་ཡུལ་དུ་དྲག་ཆར་གྱིས་མི་60ཙམ་རྐྱེན་ལམ་དུ་ཤོར་བ།

སྤེལ་དུས 2019-07-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             བལ་ཡུལ་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚེས་14ཉིན་སྤེལ་བའི་གནས་ཚུལ་ལྟར་ན། འདས་ཟིན་པའི་ཉིན་གསུམ་རིང་། རྒྱལ་ཁབ་དེར་དྲག་ཆར་བབས་པའི་རྐྱེན་གྱིས་ཉུང་མཐར་ཡང་མི་60ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་35གར་སོང་ཆ་མེད་དུ་གྱུར་ཡོད།
             ཉིན་དེའི་ཕྱི་དྲོར་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔར་བལ་ཡུལ་དུ་ཆུ་ལོག་གི་ཤུགས་རྐྱེན་ཐེབས་པའི་རྫོང་25བར་མང་དུ་ཕྱིན་ནས་ཁང་པ་ཁྲི་ལྷག་ཙམ་ཆུས་བསྣུབས་ཡོད་པ་དང་། མྱུར་སྐྱོབ་ལས་དོན་བྲེལ་འཚུབ་ངང་སྤེལ་བཞིན་ཡོད་ལ། ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་པ་ཐེབས་པའི་མི་1100ལྷག་ཙམ་བསྐྱབས་ཡོད། 
             རང་བྱུང་གནོད་འཚེའི་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་རིགས་གཅིག་མཁས་ཅན་ཁག་ཅིག་གི་དགོངས་ཚུལ་ལྟར་ན། ད་ལོའི་ཆར་དུས་སུ་བལ་ཡུལ་དུ་མུ་མཐུད་དུ་ཆར་པ་འབབ་པའི་ངེས་པ་ཡོད་པས་དེར་དོགས་ཟོན་བྱེད་དགོས།
             སྔོན་དཔག་ལྟར་ན། འབྱུང་འགྱུར་ཉིན་ཤས་རིང་བལ་ཡུལ་དུ་མུ་མཐུད་དུ་དྲག་ཆར་འབབ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་དང་། ཉེན་རྟོག་པ། དམག་དཔུང་། སྤྱི་ཚོགས་སྒྲིག་འཛུགས་སོགས་ཚང་མ་འབྲུབ་འགོག་གེགས་སེལ་ནང་ཞུགས་རྒྱུར་སྐུལ་སློང་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།