ཝང་ཁྲེན་གྱིས་ཨ་རིའི་རྒྱལ་ཚོགས་གྲོས་ཚོགས་སྟོད་པའི་ཨ་ཀྲུང་ལས་དོན་ཚོ་ཆུང་གི་ཐུན་མོང་ཀྲུའུ་ཞི་ཏའེ་ཨེན་སི་དང་མཇལ་མོལ་གནང་བ།
སྤེལ་དུས 2019-09-03
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། བསྟན་འཛིན་དབང་རྒྱལ།
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་སྤྱི་ཚེས་༢ཉིན་པེ་ཅིང་དུ་ཨ་རིའི་རྒྱལ་ཚོགས་གྲོས་ཚོགས་སྟོད་པའི་ཨ་ཀྲུང་ལས་དོན་ཚོ་ཆུང་གི་ཐུན་མོང་ཀྲུའུ་ཞི་གྲོས་ཚོགས་སྟོད་པའི་གྲོས་མི་ཏའེ་ཨེན་སི་དང་མཇལ་འཕྲད་གནང་ཡོད། ཝང་ཁྲེན་གྱིས། ཀྲུང་གོ་དང་ཨ་རི་མཐུན་ན་གཉིས་ཕན་དང་། འགྲན་ན་གཉིས་གནོད་ཡིན་ཞིང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་གཙོས་ཏ་པན་དབུ་ཚོགས་ཐོག་གི་ཐུན་མོང་ངོས་འཛིན་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཕན་ཚུན་བརྩི་འཇོག་དང་། གཉིས་ཕན་མཉམ་རྒྱལ། ཐུན་མོང་ཐོག་མཐུན་སྦྱོར། མཉམ་ལས། བརྟན་ལྷིང་བཅས་ཀྱི་རྨང་གཞི་བྱས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དེས། ཕན་ཚུན་རྒྱུད་མངའ་དང་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་པས། ཨ་རིའི་གྲོས་ཚོགས་སྟོད་པའི་ཨ་ཀྲུང་ལས་དོན་ཚོ་ཆུང་ནས་དོན་དེར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་གནང་ཡོད། གྲོས་མི་ཏའེ་ཨེན་སི་དང་། པོ་ཏུ་སོགས་ཀྱིས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་མུ་མཐུད་གོང་འཕེལ་འགྲོ་རྒྱུར་འབད་བརྩོན་བྱ་འདོད་ཡོད་ཅེས་བསྟན་འདུག
རྩོམ་སྒྲིག་པ། སངས་སྐྱབས།