ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧྥིན་ལན་ལ་འཚམས་འདྲི་བྱས་པ།

སྤེལ་དུས 2019-09-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧེར་སིན་ཁི་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ནས་24ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པ་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་ཚོགས་གཙོ་གནང་བའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧྥིན་ལན་ལ་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་རིང་། འཐུས་མི་ཚོགས་པས་ཨར་ཐུའོ་སློབ་ཆེན་གྱི་དགེ་སློབ་དང་ཧྥིན་ལན་གྱི་ཕྱིར་སྡོད་རང་མི་སོགས་དང་ཞིབ་བསྡུར་སྤེལ་རེས་བྱས་པ་མ་ཟད། ས་གནས་དེ་གའི་སྨྱན་སྦྱོར་གྱི་བཅར་འདྲིའང་དང་ལེན་བྱས་པ་རེད།
             ཨར་ཐུའོ་སློབ་ཆེན་གྱི་དགེ་སློབ་དང་སྤེལ་རེས་བྱེད་རིང་། ཀྲང་ཡུན་གྱིས་དེང་དུས་བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། མི་ཆོས་རིག་གནས་འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པས་བོད་ཀྱི་ཕྱོགས་གང་སར་ཡར་རྒྱས་ཆེན་པོ་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཀྱི་མི་འབོར་གྱི་95%ནི་ཞིང་བྲན་ཡིན། དབང་ཆ་མེད་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་མེད། ད་ཆ་བོད་ལ་ལོ་15ཡི་འོས་འགན་སློབ་གསོ་ལག་བསྟར་བྱས་པས། ཀུན་ཕན་སྲིད་ཇུས་འདི་ལྟ་བུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད། སྤྱི་ཚོགས་རྙིང་པར་ཞིང་བྲན་ལྟོས་གྲོད་པ་རྒྱགས་དཀའ་བས་རིག་གནས་སྲུང་སྐྱོང་ནི་གླེང་ཐབས་བྲལ་བ་ཞིག་རེད། ད་ཆ་འབྲོག་པ་དཀྱུས་མའི་རིག་གནས་འཚོ་བ་སྣ་མང་ཕུན་སུམ་ཚོགས་པ་མ་ཟད། ཐ་ན་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པར་ཡང་སྐྱོད་ཆོག་གི་ཡོད་པ་རེད། ལྷ་མོ་སོགས་ཀྱི་རྣམ་གྲངས་ཁག་89དང་སྲོལ་རྒྱུན་རིག་གནས་རྣམ་གྲངས་ཁག་460རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཁག་སོ་སོར་བཅུག་ཡོད་པ་རེད།
             《ཧེར་སིན་ཁིའི་དུས་རབས་ཚགས་པར》གྱི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་། ཡུལ་སྐོར་དང་ཁོར་ཡུག་སྲུང་སྐྱོང་། ཆོས་དད་རང་མོས་སོགས་ཀྱི་སྐོར་ལ་དམིགས་ནས་སྤེལ་རེས་ཚོགས་པར་ཆེད་དོན་བཅར་འདྲི་བྱས་པ་རེད། ཀྲང་ཡུན་གྱིས་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན། ཀྲུང་གོ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན། མིའི་འཚོ་གནས་དང་འཕེལ་རྒྱས་ཀྱི་དབང་ཆར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། 1959ལོའི་གོང་བོད་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་པ་དང་། ཐོན་སྐྱེད་རྒྱུ་ཆ་ཞིང་བྲན་བདག་པོས་བཟུང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཡིན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་། ད་ཆ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་འོག བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་བ་དང་འདེགས་སྐྱོར་ཐོན་ཁུངས་80%ཞིང་འབྲོག་ཁུལ་དང་ཞིང་འབྲོག་པར་སྤྱོད་ཀྱི་ཡོད་ཅེས་བཤད།
             ཀྲང་ཡུན་གྱིས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་དང་འདྲ་བར་ཆོས་དད་རང་མོས་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད། བོད་ལྗོངས་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་ཕུད། ད་དུང་བོན་ཆོས་དང་། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་སོགས་ཡོད། བོད་ལ་ད་ཆ་དགོན་སྡེ་1787དང་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཁྲི་4.6ཡོད་པས་མི་རྣམས་ཀྱི་ཆོས་དད་ཀྱི་དགོས་མཁོ་བསྐངས་ཡོད་ཅེས་བཤད།
             བོད་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག ཁོར་ཡུག་སྲུང་སྐྱོང་ལའང་དེ་བས་སྣང་ཆེན་བྱེད་ཀྱི་ཡོད། ཀྲང་ཡུན་གྱིས་དབྱར་ཁ་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པར་སྤ་སེ་སྔོན་མངགས་བྱེད་དགོས་པ་དང་། ཉིན་ལྟར་ལྟ་སྐོར་བྱེད་མཁན་གྱི་མི་གྲངས་ཚོད་འཛིན་ཡོད། བོད་ཀྱི་ས་ཁྱོན་34%ནི་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་རེད། “མིག་སྔར་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་མཁའ་རླུང་དང་ཆུའི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད། འོན་ཀྱང་ང་ཚོར་ཉེན་ཁའི་འདུ་ཤེས་དགོས། ས་མཐོའི་ཁོར་ཡུག་གཉོད་ཆུང་ཡིན་པས། གཏོར་བཤིག་ཕོག་ཚེ་སླར་གསོ་བྱེད་ཁག་པོ་རེད”ཅེས་དཔེ་བཞག་ནས་བཤད།
             བོད་ལ་མིག་སྔར་འཕྲད་པའི་འགྲན་སློང་ཐད། ཀྲང་ཡུན་གྱིས་2020ལོར་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ཡིན་པས། ས་ཁུལ་གཅིག་ཀྱང་རྗེས་སུ་ལུས་མི་རུང་ལ་མི་རིགས་གཅིག་ཀྱང་ཉུང་མི་རུང་། བོད་ལ་ད་དུང་མི་ཁྲི་15ཡི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱེད་དགོས་པས་དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་བ་ཞིག་ཡོད། མིག་སྔར་བོད་འདི་ཉིད་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་འོག ཐོན་ལས་དབུལ་སྐྱོར་དང་། སློབ་གསོ་དབུལ་སྐྱོར། སྨན་བཅོས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད། མཐའ་མཇུག་མི་ཁག་གཅིག་གི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ཅེས་བཤད།
             ཕྱིར་སྡོད་རང་མི་དང་སྤེལ་རེས་བྱེད་རིང་། འཐུས་མི་ཚོགས་པའི་གཏམ་བཤད་ལའང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།