“ཀྲུང་གོའི་དཔེ་དེབ་འགྲེམས་སྟོན”དབྱི་སི་ཐན་པུར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་38པར་སྟོན་པ།
སྤེལ་དུས 2019-11-06
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཚེས་2ཉིན་དབྱི་སི་ཐན་པུར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་38པ་ཐུར་ཁེའི་གྲོང་ཁྱེར་ཆེ་ཤོས་དབྱི་སི་ཐན་པུར་རུ་འགོ་ཚུགས་པ་རེད། ཀྲུང་གོ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་གཙོ་གཉེར་དང་ཀྲུང་གོ་སློབ་གསོའི་དཔེ་དེབ་ཕྱིར་གཏོང་ཚད་ཡོད་ཀུང་སིས་གཉེར་བའི“ཀྲུང་གོའི་དཔེ་དེབ་འགྲེམས་སྟོན”སྐབས་འདིའི་འགྲེམས་སྟོན་ལ་ཞུགས་པ་དང་ས་གནས་ཀྱི་ཀློག་པ་པོ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཅིང་། འདི་ནི་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པུར་རུ་གཉེར་བའི་དབྱི་སི་ཐན་པུར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་38པའི་ཐོག་ཐུར་ཁེའི་གྲོགས་པོ་ཆུང་ཆུང་ཚོས་ཀྲུང་གོའི་དཔེ་དེབ་འགྲེམས་ཁུལ་དུ་ལྟ་སྐོར་དང་ཀྲུང་གོའི་ཡིག་གཟུགས་ལ་མྱོང་རོལ་བྱེད་པ།
རྩོམ་སྒྲིག་པ། བདེ་སྒྲོལ།