ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་བརྩམས་ཆོས་ཁག་22ལ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་གསར་གཏོད་ལེགས་གཏོད་ཀྱི་ལེ་ཚན་སོགས་ཀྱི་བྱ་དགའ་ཐོབ་པ།

སྤེལ་དུས 2025-02-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཉེ་ཆར། གསར་འགོད་པར་2025ལོའི་བོད་ལྗོངས་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2024ལོར་བོད་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལྟ་ཉན་ལས་རིགས་ཀྱིས་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པར་གཞོལ་ནས་ལེགས་པ་འོས་སྦྱོར་དང་ལེགས་འདེམས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། བོད་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནས་བརྩམས་ཆོས་ཁག་230ལྷག་ཙམ་བདམས་ཏེ་ལེགས་འདེམས་ནང་ཞུགས་པ་དང་། བརྩམས་ཆོས་ཁག་22ལ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་གསར་གཏོད་ལེགས་གཏོད་ཀྱི་ལེ་ཚན་སོགས་ཀྱི་བྱ་དགའ་ཐོབ་པ་རེད།
            བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་སུ་ཐོ་འགོད་བསྐྱར་ཞིབ་བྱས་ནས་འགྲེམས་སྤེལ་བྱས་པའི་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་སྤྱི་ཁྱབ་ཅུས་ཀྱི“དུས་རབས་དང་མཉམ་དུ་འགྲོགས། མི་དམངས་དང་སེམས་པ་མཐུན”ཞེས་པའི་འགྲེམས་སྟོན་གློག་བརྙན་གྱི་མིང་ཐོའི་ནང་བཅུག་ནས་སྤྱི་ཁྱབ་ཅུས་ཀྱི“2024ལོའི་ཀྲུང་གོའི་བརྙན་འཕྲིན་འཁྲབ་ཚན་ལེགས་གྲས”ཀྱི་མིང་ཐོའི་ནང་ཚུད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་དྲ་རྒྱའི་ལྟ་ཉན་ལེ་ཚན《བྱང་ཐང་གི་སྐྱེ་དངོས》ཞེས་པ་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་གསར་པའི་མནའ་འབྲེལ་གྱི་ཁོངས་མིའི་ཚན་པ་100ལ་འགྲེམས་སྤེལ་བྱས་པ། 《བཀྲ་ཤིས་ལྷུན་པོ》ཞེས་པར་བརྙན་འཕྲིན་རིག་རྩལ་སྐབས་28པའི“སྐར་འོད་བྱ་དགའི”ཕུལ་བྱུང་གི་བརྙན་འཕྲིན་དངོས་མཚོན་གློག་བརྙན་གྱི་བྱ་དགའ་ཐོབ་པ། བོད་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོའི་འགུལ་རིས་གློག་བརྙན་དང་པོ《སྔོན་སྐྱོད་ལན》ཞེས་པ་ལྗོངས་ཡོངས་སུ་བསྟན་པ་རེད།