ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

འགན་འཁྲི་གཙང་སྒྲུབ་ལས་འགན་ལེགས་པར་འཁུར་བ།

སྤེལ་དུས 2025-03-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་གཟབ་མཆོར་ལེགས་པར་སྤྲས་པ་དང་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་མཉམ་པར་བསྐྱོན་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་དོན་གྲུབ(གཡོན)དང་། སྒྲོལ་དཀར(དཀྱིལ) ཟླ་བ་དོན་གྲུབ(གཡས)བཅས་ཀྱིས་ཚོགས་འདུ་མ་འཚོག་གོང་དུ་འགན་འཁྲི་སྒྲུབ་ཚུལ་སྤེལ་རེས་གནང་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས(གཡས)གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

འགོ་ཚུགས་ཚོགས་འདུ་མཇུག་བསྒྲིལ་རྗེས་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོགས་ར་ཕྱིར་འགྲོ་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན(གཡས)གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ(གཡས)ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སངས་སྒྲོལ་མ(གཡོན)དང་། ཧྭ་ཏེ་སྨི(དཀྱིལ) ཀྲང་ཤའོ(གཡས)བཅས་ཀྱིས་ཚོགས་འདུ་མ་འཚོག་གོང་འགན་འཁྲི་སྒྲུབ་ཚུལ་སྤེལ་རེས་གནང་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཨུ་ཡོན་གཞན་དག་དང་མཉམ་དུ་པར་བསྐྱོན་བཞིན་པ།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་སྨྱན་སྦྱོར་གསར་འགོད་པར་ཕྱག་གཡུག་གནང་བཞིན་པ།
            ཟླ3པའི་ཚེས4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན26ཡིས་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ཏེ། རིགས་ཁོངས34ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2100ལྷག་ཙམ་དང་མཉམ་དུ་འཛོམས་ཏེ་འདུ་ཚོགས་གཟབ་རྒྱས་ལ་ཞུགས།
            “ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ཡག་པོ་ཞིག་བྱས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ”དང“ཨུ་ཡོན་གྱི་འགན་འཁྲི་ནན་པོ་བསྒྲུབས་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ”ལ་སོགས། བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ཚོར་བཞིན་དུ། རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་སྤྲོ་སེམས་འཁོལ་པོས་འགན་འཁྲི་སྒྲུབ་པ་དང་། བྱ་གཞག་སེམས་ལ་འཆང་བ། འགན་འཁྲི་ཕྲག་སྟེང་དུ་འཁུར་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ་ཐབས་ཇུས་དངོས་འདོན་པ་དང་། ཇུས་བཟང་འདོན་པ། ཐབས་ཇུས་གནད་འཁེལ་འདོན་པ་བཅས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས།
            ཚོགས་འདུའི་རིང་ལ། རིགས་ཁོངས་ཁག་གི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དེ་བས་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། དེ་བས་སྤྲོ་སེམས་ཀྱིས་ཕྱུག་པའི་བསམ་པའི་ཉམས་འགྱུར། དེ་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་ཕྱོགས་ཏེ་སྲིད་དོན་ཇུས་འབུལ་དང་རྒྱལ་ཁབ་ཆེད་ཐབས་ཇུས་བཏོན་ནས་ཚོགས་ཆེན་གྱི་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་ཆེད་བོད་ལྗོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།