ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭ་ལས་སྐྱེ་ཁམས་དང་དཔལ་འབྱོར་ལ་་་

སྤེལ་དུས 2025-03-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན། བོད་རང་སྐྱོང་ལྗོངས་ལྷོ་བྱང་རི་བོ་སྔོ་འགྱུར་གྱི་ཕྱོགས་བསྡོམས་གཟེངས་བསྟོད་དང2025ལོའི་ལས་དོན་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས། ཚོགས་འདུ་ཡིས་ལྷོ་བྱང་རི་བོ་སྔོ་འགྱུར་གྱི་སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

     རྒྱུས་ལོན་བྱུང་བ་ལྟར་ན། 2022ལོར་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། ནགས་བཟོ་མུའུ་ཁྲི70ཙམ་ལེགས་གྲུབ་བྱུང་བ་དང་། རིགས་སོ་སོའི་སྡོང་ཕྲུག་རྐང་དུང་ཕྱུར1.14བཏབ། སྤྱི་ཡོངས་ནས་ཤིང་སྡོང་སྐྱེ་ཚད85%ཡས་མས་ཡིན་པ་དང་ས་ཁོངས་ཁག་གཅིག90%ཡན་ཟིན་ཡོད། ཐོག་མའི་སྡོང་ཕྲན་གྱི་སྐྱེ་འཚར་བཟང་པོ་ཡོད་པ་དང་། སྐྱེ་དངོས་དང་རྩི་ཤིང་སྔར་བས་ཕུན་སུམ་ཚོགས་པ། ནགས་ཚལ་དང་རྩྭ་ཤིང་ཁེབས་ཚད་མངོན་གསལ་དོད་པོས་ཇེ་སྟུག་ཏུ་སོང་བ། ལྷ་སའི་མཐའ་འཁོར་དང་འགྲིམ་འགྲུལ་གལ་ཆེའི་ལམ་རྒྱུད་ཀྱི་ལྗང་མདོག་གི་རྒྱ་ཁྱོན་ཆེས་ཆེར་འཕར་བ་དང་མངོན་གསལ་དོད་པོས་མང་དུ་ཕྱིན་པ། གྲོང་ཁྱེར་ནགས་ཚལ་གྱིས་བརྒྱན་པའི་རྣམ་པ་རགས་ཙམ་གྲུབ་ཡོད།

     ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་སྐབས། སྐྱེ་ཁམས་ཀྱི་ཕན་འབྲས་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་དང་ཟུང་འབྲེལ་གང་ལེགས་བྱས་ནས་མི་དམངས་མང་ཚོགས་ལས་གྲྭའི་འཛུགས་སྐྲུན་ལ་ཞུགས་པར་སྒྲིག་འཛུགས་དང་། ཁེ་ལས་ཀྱིས་མང་ཚོགས་ཀྱིས་སྡོང་རྐང་དང་འཕྲུལ་ཆས་སོགས་ཉོ་བར་ཁྲིད་སྟོན་བྱས་ཏེ། ལྷོ་བྱང་རི་བོ“ལྗང་མདོག”ཅན་དུ་འགྱུར་པར་མ་ཟད། མང་ཚོགས་ལ་སྣེ་ཁྲིད་བྱས་ནས“ཕྱུག་པོ”ཆགས་སུ་བཅུག་པས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ལ་གཉིས་ཕན་བྱུང་བ་མངོན་འགྱུར་བྱུང་། ལས་གྲྭ་ལག་བསྟར་བྱས་ཚུན་ཁྱོན་བསྡོམས་ཞིང་འབྲོག་པའི་མང་ཚོགས་མི་ཐེངས་ཁྲི720བསྡུས་ནས་འཛུགས་སྐྲུན་ལ་ཞུགས་ཤིང་། ངལ་ལས་བྱེད་པ་དང་། སྡོང་ཕྲུག་གསོ་སྤེལ་དང་ཕྱིར་འཚོང་སོགས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར20ལྷག་ཙམ་འཕར་བར་སྐུལ་ཁྲིད་བྱས།

     རྒྱུས་ལོན་བྱུང་བ་ལྟར་ན། ལས་གྲྭ་འདི་ཡིས་ད་ཆ་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་གསོ་ར65བསྐྲུན་པར་མུའུ་ཁྲི4ལྷག་ཙམ་ཡོད། མིག་སྔར་སྟར་ཀ་དང་། རྒྱལ་རྩེའི་གླ་ཚེར། མ་གལ། སྦྱར་པ། ཡོ་འབོག ཐང་ཤིང་། སྒྲོན་ཤིང་།  ཁམ་ཤིང་། ཚེར་ཤིང་སོགས་སྡོང་རྐང་རིགས་ཁག་ཁྲི9000ཙམ་གྲབས་གསོག་བྱས་ཡོད་པས2025ལོའི་ནགས་འཛུགས་ཀྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་ཡོད། གཞན་ཡང་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི་སོགས་སུ་གྲོང་གསེབ་ཀྱི་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་གསོ་ར་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ནས་གྲོང་གསེབ་ཀྱི་ཤིང་རིགས་མི་འདང་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད།