ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

“ཨ་ཅག་གི་གྲོས་བསྡུར་ཚོགས་འདུ”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ཁྲོད་བུད་མེད་ཀྱི་ནུས་པ་བཏོན་པ།

སྤེལ་དུས 2025-03-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཨ་ཅག་ཚོས་སྡེ་ཁུལ་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་གྲོས་བསྡུར་བྱེད་བཞིན་པ།
འདི་ནི་ཨ་ཅག་ཚོས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་ལ་དོན་གྲོས་ཚོགས་འདུའི་དམངས་ཕན་གྱི་དོན་གནད་ཁག་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་ཨ་ཅག་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དོན་གྲོས་ཚོགས་འདུའི་དམངས་ཕན་གྱི་དོན་གནད་ཁག་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་ཨ་ཅག་ཚོས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་ལ་དོན་གྲོས་ཚོགས་འདུའི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།
  ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་བུད་མེད་དང་བྱིས་པའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ཏེ། སྟོད་ལུང་བདེ་ཆེན་ཆུས་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ལྟེ་གནས་བཙུགས་ནས“ཨ་ཅག་གི་གྲོས་བསྡུར་ཚོགས་འདུའི”དོན་གྲོས་ཚོགས་འདུ་འཚོགས་ཏེ། གཞི་རིམ་བཅོས་སྐྱོང་ལས་དོན་ཁྲོད་རྒྱ་ཆེའི་བུད་མེད་ཀྱིས་ནུས་པ་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པས་གཞི་རིམ་བཅོས་སྐྱོང་བྱེད་པར་བུད་མེད་ཚོས་ལེགས་སྐྱེས་འབུལ་ཐུབ་པ་བྱུང་ཡོད། 2024ལོའི་ཟླ་བཞི་པར་དོན་གྲོས་ཚོགས་འདུ་འཚོགས་ཚུན། ནམ་མཁའ་སྡེ་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། སྤྱི་ཚོགས་ཀྱི་ལས་མི། ཁེ་ལས་ཀྱི་ལས་མི། བོགས་གཏོང་ཁང་པའི་སྦྱིན་བདག་བཅས་མི་11ལས་གྲུབ་པའི་དོན་གྲོས་ཚོགས་འདུའི་དང་བླངས་ཞབས་ཞུའི་རུ་ཁག་གིས་རང་ཉིད་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་རྒྱུན་ཆད་མེད་པར་བྱས་པས“དོན་ཆུང”དྲ་ཐོག་ནས་གྲོས་མོལ་དང་། “འཕྲལ་མཁོ”ས་གནས་ས་ཐོག་ཏུ་གྲོས་མོལ། “དཀའ་གནད”ཚོགས་འདུར་གྲོས་མོལ་བྱེད་པའི་གྲོས་བསྡུར་བྱེད་སྟངས་ཤིག་ཆགས་པའི་ཐོག་འབྲེལ་ཡོད་འགན་འཁུར་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དོན་གནད་ཐག་གཅོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན། དང་བླངས་ཞབས་འདེགས་ཐེངས་269ཞུས་པ་དང་ཞབས་འདེགས་ཞུ་ཡུན་ཆུ་ཚོད་538ཟིན་པ། བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་ཡོད། ཨ་ཅག་ཚོ་གྲོས་བསྡུར་ནང་ཞུགས་པའི་དོན་གྲོས་ཚོགས་འདུར་རིམ་ཁག་སྡེ་ཚན་གྱི་ཁས་ལེན་ཐོབ་ནས་དེའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་སོང་ལ། 2024ལོར་བོད་རང་སྐྱོང་ལྗོངས་ཀྱི“བུད་མེད་ཤེས་དཔལ་ལས་གནས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།