ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གླུ་ལེན་གར་འཁྲབ་བྱས་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ།

སྤེལ་དུས 2025-03-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  འདི་ནི་ཟླ་3ཚེས་28ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་ས་དམར་སྡེ་ཁུལ་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུ་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན“བདག་ཕ་ཡུལ་ལ་དགའ་ཞེན་ཆེ། བདེ་སྐྱིད་ལྡན་པའི་གཞིས་ཀ་རྩེ”ཞེས་པའི་བྱེད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
  འདི་ནི་ཟླ་3ཚེས་27ཉིན། “མེ་ཏོག་རབ་ཏུ་བཞད། བདེ་སྐྱིད་མཉམ་དུ་སྐྲུན”ཞེས་པའི་རིག་གནས་སྒྱུ་རྩལ་གཟའ་འཁོར་སྐབས་དང་པོ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམག་དམངས་ལམ་དུ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཞབས་བྲོ་འཁྲབ་བཞིན་པ།
  དཔྱིད་ཟླ་གསུམ་པར། ས་མཐོའི་ས་གཞི་ཆེན་པོ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཉིན་ཤས་རིང་རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུས་པ་རེད།