འདི་ནི་རྒན་མོ་གཡུ་སྒྲོན་ཡིན་པ།(ཟླ་3ཚེས་21ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། བསྟན་འཛིན་ཉི་དར་གྱིས་པར་བརྒྱབ།
འདི་ནི་རྒན་མོ་གཡུ་སྒྲོན(དཀྱིལ)གྱིས་ཚ་བོ་དང་ཚ་བོའི་བཟའ་ཟླ་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེས་པར་བརྒྱབ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་གྱི་གྲལ་ལྟར་སྒྲིག་པའི་བོད་བཟོའི་སྡོད་ཁང་གི་ཕྱི་རོལ་དུ། ལོ་90ཡོལ་བའི་རྒན་མོ་གཡུ་སྒྲོན་རྡོ་ཐེམ་ཐོག་བསྡད་ནས་ཉི་མ་སྲོ་བཞིན་ཡོད་ཅིང་། ཁྲོམ་གཞུང་དུ་རླངས་འཁོར་འགྲོ་འོང་མང་བ་དང་ཕྲུ་གུ་ཚོས་རྩེད་མོ་རྩེ་བཞིན་ཡོད། རྣམ་པ་དེ་ནི་དུས་རབས་ཀྱི་བདེ་སྡུག་སྣ་ཚོགས་བརྒྱུད་མྱོང་བའི་རྒན་མོ་གཡུ་སྒྲོན་གྱི་ངོས་ནས་བརྗོད་ན་སྔོན་ཆད་མངོན་དུ་འགྱུར་ཐབས་མེད་པའི་རེ་སྒུག་ཅིག་རེད།
བོད་རྙིང་པར་ཞིང་བྲན་ཡིན་པའི་གཡུ་སྒྲོན་ཆགས་ས་བརྟེན་ས་མེད་པ་དང་གྲང་ངར་ཆེ་བའི་དགུན་དུས་སུ་ནང་མི་ཚང་མ་ཧམ་དྲི་འཚུབ་ཅིང་ཤིག་སྲིན་གྱིས་ཁེངས་པའི་མལ་གདན་ཞིག་བཀབ་ནས་ཉལ་བ་དེ་ནི་ཁོང་ཚོའི་དྲོ་ཇུས་ཀྱི་དངོས་པོ་འབའ་ཞིག་དེ་རེད། “ཞིང་བྲན་བདག་པོས་ང་ཚོར་ཁྱོད་ཚོ་སྐྱེ་དུས་ནས་སྨྲ་ཤེས་པའི་དུད་འགྲོ་དང་ཁྱད་མེད”ཅེས་ཤོད་པ་དང་། ལོ་ན་ཆུང་བའི་གཡུ་སྒྲོན་གྱིས་ཉིན་མཚན་མེད་པར་མངའ་བདག་ལ་རྒྱུ་སྤུན་འཁེལ་བཞིན་རྩམ་པ་ཕྲན་བུ་རག་ཐབས་བྱེད་ཀྱི་ཡོད།
ཞིང་བྲན་བདག་པོའི་བུ་ལོན་འདེད་ཆས་ཀོ་ལྕག་བཞུ་བའི་སྒྲ་གྲགས་པའི་དུས་སྐབས་དེར་དྲོ་སྐྱིད་ཚོར་ཐབས་བྲལ་བ་དང་ཕ་མ་གཉིས་པོ་ནད་གཞི་སྨན་བཅོས་ཀྱི་ལག་དངུལ་མེད་པར་བརྟེན་གཅིག་རྗེས་གཉིས་མཐུད་ངང་ཚེ་ལས་འདས། དེ་ནི་གཡུ་སྒྲོན་སྡུག་བསྔལ་ཆེ་ཤོས་ཀྱི་དྲན་ཤེས་ཤིག་ཡིན།
1959ལོར། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་ནས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་གཡུ་སྒྲོན་ལ་ས་ཞིང་དང་སྡོད་ཁང་བགོ་བཤའ་ཐོབ། གཡུ་སྒྲོན་དང་འདྲ་བའི་ཞིང་བྲན་ཁྲི་ཚོ་བརྒྱ་དངོས་སུ་ས་ཞིང་གི་བདག་པོར་གྱུར།
ད་ཆ་གཡུ་སྒྲོན་ཁྱིམ་གྱི་འཚོ་བ་སྔར་བས་ཇེ་ཡག་ཏུ་སོང་ནས་ཚ་བོས་ཇ་ཁང་ཞིག་བཙུགས་པ་དེའི་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།
དུས་རབས་ཀྱི་འཕོ་འགྱུར་བརྒྱུད་མྱོང་བའི་རྒན་མོ་དེས“དེང་གི་འཚོ་བ་དངོས་གནས་སྐྱིད་པོ་འདུག ཚེ་ལས་འདས་པའི་ཕ་མ་གཉིས་པོས་དེང་གི་འཚོ་བ་ཡག་པོ་དེ་མཐོང་རྒྱུ་བྱུང་ན་བསམ་གྱི་འདུག”ཅེས་བཤད། གཡུ་སྒྲོན་གྱི་གཏམ་རྒྱུད་དེ་ཡར་ཀླུང་གཙང་པོའི་ཆུ་རླབས་ལྟར་འཕྱུར་ཞིང་། གངས་ལྗོངས་ས་མཐོ་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་གསར་པའི་བར་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བརྗོད་བཞིན་ཡོད།