ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྐྱིད་པའི་དུས་ན་ཏང་གི་བཀའ་དྲིན་དྲན། ཐོག་མའི་བསམ་འདུན་མ་བརྗེད་ལེའུ་གསར་གཏོད།

སྤེལ་དུས 2025-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
སྐྱིད་པའི་དུས་ན་ཏང་གི་བཀའ་དྲིན་དྲན། ཐོག་མའི་བསམ་འདུན་མ་བརྗེད་ལེའུ་གསར་གཏོད།
     སྤྱི་ཟླ་3ཚེས་28ཉིན་མཚོ་སྣ་གྲོང་ཁྱེར་གྱིས་སྐྱིད་པའི་དུས་ན་ཏང་གི་བཀའ་དྲིན་དྲན། ཐོག་མའི་བསམ་འདུན་མ་བརྗེད་ལེའུ་གསར་པ་བཏོད་ཅེས་པའི་བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོ་ཞུ་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་དགའ་བསུ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་འདུག མཚོ་སྣའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་འཛོམས་ཀྱིས་གླུ་གཞས་དང་ཞབས་བྲོའི་ཐོག་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་66འཁོར་བའི་དྲན་གསོའི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་། ལས་བྱེད་ལས་བཟོ་པ། དགེ་རྒན་དང་སློབ་མ་བཅས་ཀྱིས་དུས་ཆེན་གྱི་གྱོན་ཆས་གྱོན་ནས་སྐར་ལྔའི་དར་དམར་ལག་ཏུ་འཁྱེར་ཏེ་ཐུན་མོང་ཐོག་དམིགས་བསལ་གྱི་ཉིན་མོ་དེར་རྟེན་འབྲེལ་ཞུས་པ་རེད།
     བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། མཚོ་སྣ་གྲོང་ཨུད་ཀྱི་ཧྲུའུ་ཅི་པ་སངས་དངོས་གྲུབ་སོགས་བྱེད་སྒོར་ཞུགས་པ་རེད། རྟེན་འབྲེལ་བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཁྲོད་འགོ་ཚུགས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། སྐར་ལྔའི་དར་དམར་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ལྷབ་ལྷུབ་དུ་གཡོ་བར་བྱས།
     དེ་རྗེས་ཤང་དང་། གྲོང་རྡལ་ཁག་གི་འཐུས་མི་རུ་ཁག་བཅུ་གཅིག་གིས་སྒྱུ་རྩལ་གྱི་ལམ་ནས་བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་66རིང་ཐོབ་པའི་སྤྱིར་བཏང་མིན་པའི་འཕེལ་རྒྱས་བརྒྱུད་རིམ་དང་། མངོན་འགྱུར་བྱུང་བའི་རླབས་ཆེ་བའི་མཆོང་སྐྱོད། འོད་སྟོང་འཕྲོ་བའི་གྲུབ་འབྲས་བཅས་ལ་བསྟོད་པར་བྱས་ཡོད། ༼མཐའ་མཚམས་བུ་ཕྲུག་གིས་ཏང་ལ་བཅངས་པའི་བརྩེ་སེམས༽ཞེས་པ་དང་།༼མའོ་ཀྲུའུ་ཞིར་བསྟོད་གླུ་འབུལ༽ཞེས་པ། ༼ནམ་ཡང་ཏང་གི་རྗེས་སུ་འབྲང༽ཞེས་པ་སོགས་ལེ་ཚན་ཐོག་ནས་མཐའ་མཚམས་བུ་ཕྲུག་གིས་ཕ་ཡུལ་དང་། ཀྲུང་གོ་གུང་ཁྲན་ཏང་། རླབས་ཆེན་གྱི་མེས་རྒྱལ་བཅས་ལ་བཅངས་པའི་བརྩེ་དུང་མཚོན་པར་བྱས་ཡོད། ༼མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར༽ཞེས་པ་དང་། ༼དུས་རབས་གསར་པར་གླུ་དབྱངས་འབུལ༽ཞེས་པ། ༼འབྱོར་འབྲིང་གྲོང་ཚོའི་རྣམ་པ་གསར་པ༽ཞེས་པ་སོགས་ཀྱི་ཐོག་ནས་ལོ་ངོ་66རིང་གི་མི་དམངས་ལ་སློབ་གསོ་མྱོང་བའི་གོ་སྐབས་ཡོད་པ་དང་། ངལ་རྩོལ་ལ་འབྲས་བུ་ཡོད་པ། ན་ན་སྨན་བཅོས་བྱེད་རྒྱུ་ཡོད་པ། རྒས་ན་གསོ་སྐྱོང་བྱེད་མཁན་ཡོད་པ། འཚོ་སྡོད་བྱེད་སའི་ཁང་པ་ཡོད་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པར་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱས་ཡོད།
     ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ལོ་རྒྱུས་ལ་དྲན་གསོ་ཞུས་པ་ཞིག་ཡིན་པ་མ་ཟད། མིག་སྔའི་བདེ་སྐྱིད་འཚོ་བར་རྟེན་འབྲེལ་ཞུ་བ་དང་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་རེ་འདུན་ཞིག་ཡིན་པས། ས་མཐོའི་བུ་ཕྲུག་ཚོས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱ་རྒྱུའི་གསོན་ཉམས་ལྡན་པའི་ལེའུ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་བྲི་བཞིན་ཡོད་པ་མཚོན་གྱི་ཡོད། བྱེད་སྒོ་དེ་བརྒྱུད་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་དང་འཕེལ་རྒྱས་ཐད་ཀྱི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཀྱི་སྤོབས་པ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད།