ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བསམ་གྲུབ་ཉི་མར་སྐྱེས་པའི་ཀུན་འཇོན་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ།

སྤེལ་དུས 2025-04-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་བསམ་གྲུབ་ཉི་མས་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་བསམ་གྲུབ་ཉི་མ(དཀྱིལ)བྱ་དགའ་ལེན་བཞིན་པ།
  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་རྒྱལ་ཡོངས་བྲག་འཛེག་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་སྐབས་གསུམ་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བྲག་འཛེག་རྣམ་གྲངས་ཀྱི་ཐོབ་ཐང་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པ་བསམ་གྲུབ་ཉི་མར་སྐྱེས་པའི་ཀུན་འཇོན་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་5ནས་ཚེས་7ཉིན་བར་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཆོན་ནན་རྫོང་བྲག་འཛེག་གྲོང་རྡལ་ཆུང་ངུའི་བྲག་འཛེག་ར་བར་2025ལོའི་རྒྱལ་ཡོངས་བྲག་འཛེག་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་སྐབས་གསུམ་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བྲག་འཛེག་རྣམ་གྲངས་ཀྱི་ཐོབ་ཐང་འགྲན་བསྡུར་བྱས་པ་རེད།