ཉེ་ཆར། རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་བསྡུར་ཁྲང་ཧྲ་རུ་རྒྱལ་ཁའི་ངང་སྤེལ། འགྲན་བསྡུར་ནང་དུ་སློབ་ཆེན་སློབ་མ་ཁྲི1507ཞུགས་ཤིང་། བསྡོམས་པས་མཐོ་རིམ་སློབ་གྲྭ2763ལ་ཁྱབ་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་ཕུལ་བྱུང་མཉམ་འཛོམས་དང་ལས་རིགས་འཕེལ་རྒྱས་ཀྱི་འབྱུང་འགྱུར་སྐོར་ཐུན་མོང་ཐོག་གླེང་མོལ་བྱེད་པའི་ཚོགས་འདུ་ཆེན་པོ་ཞིག་རེད། འགྲན་བསྡུར་ནང་ཞུགས་པའི་བོད་ལྗོངས་ཀྱི་བདམས་ཐོན་པར་ཟངས་ཀྱི་བྱ་དགའ་ལྔ་ཐོབ་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་ལ་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པས། ཁྱོན་བསྡོམས་རྒྱལ་ཁབ་ཀྱི་བྱ་དགའ་དྲུག་ཐོབ་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་འགྲན་བསྡུར་ཡུལ་དངོས་སུ་ཡོད་པ།
བོད་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་འགྲན་བསྡུར་ཡུལ་དངོས་སུ་ཡོད་པ།
བོད་རང་སྐྱོང་ལྗོངས་ཀྱིས་འགྲན་བསྡུར་ཆེན་པོའི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། དེའི་སྣེ་ཁྲིད་ནུས་པ་དང་མི་གསོ་སྐྱོང་གི་རིན་ཐང་གཏིང་ཟབ་ཏུ་བཏང་ནས། འགྲན་བསྡུར་དེ་ཤེས་ལྡན་མི་སྣའི་མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་ཆེན་པོ་དང་སློབ་རིམ་སློབ་གྲྭའི་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཞུ་བའི་ཁྲོམ་ར་ཆེན་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ཡོད། འགྲན་བསྡུར་ཆེན་མོ་དེ2024ལོའི་ཟླ10པར་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་མཐོ་སློབ་ཀྱིས་རིམ་རྩིས་བྱས་ན་སློབ་མ1772ཞུགས་རྒྱུའི་མིང་ཐོ་བཀོད་ནས། བོད་ལྗོངས་ཡོངས་ཀྱི་མཐོ་རིམ་སློབ་གྲྭ100%ཡོངས་ཁྱབ་ཏུ་ཁྱབ་ཐུབ་པ་དང་། རྣམ་གྲངས་ལྔ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཚུད་ཡོད།
འགྲན་བསྡུར་གཙོ་བོ་ཕུད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ད་དུང་མཐོ་སློབ་ཁག་ལ་དུས་མཉམ་དུ་མཁོ་སྤྲོད་སྦྲེལ་མཐུད་དང་། ཆེད་དོན་གདན་ཞུ། ལས་ཞུགས་མཛུབ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་བྱས་ཏེ། གདན་ཞུ་ཐེངས128རྩ་འཛུགས་བྱས་པ་དང་། མི་སྤྱོད་ཚན་པ1002ཞུགས་ཤིང་། རིམ་རྩིས་ཐོག་ལས་གནས9488མཁོ་འདོན་བྱས་པར་སློབ་མ་མི་ཐེངས་ཁྲི2.7ཙམ་ཞུགས་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།