ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ནག་ཆུའི་ས་བབ་སྨི་4500ཟིན་པའི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ལ་བཅར་འདྲི་ཞུས་པ།

སྤེལ་དུས 2025-05-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་རྒན་རྒོན་ཚོས་སྒོར་གཞས་འཁྲབ་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་སྨན་དོན་མི་སྣས་རྒན་རྒོན་ལ་ཁྲག་ཤེད་ལྟ་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་ཚོས་ལྟོ་རིན་སྤྲོད་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ལས་མིས་རྒན་རྒོན་ལ་བང་རྒྱུག་འཕྲུལ་འཁོར་ཐོག་ལུས་རྩལ་རྩེད་རོགས་བྱེད་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་ཚོས་ཤོ་རྒྱག་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་ཚོར་དངོས་ལུགས་གསོ་བཅོས་བྱེད་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་རྒན་རྒོན་ཚོས་ཟ་མ་ལེན་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ལས་མིས་རྒན་རྒོན་གྱི་སྐྲ་བཞར་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་མ་བྱན་གྱིས་དགུང་ཟས་བཟོ་བཞིན་པ།
      བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ལོ་60ཡན་གྱི་རྒན་རྒོན་དག་ཐེམ་ཐོ་དང་མི་རིགས་ཀྱི་དབྱེ་བ་མེད་པར་ཉིན་རེར་ལྟོ་རིན་སྒོར་20སྤྲད་ཚེ། ཉིན་དགུང་དང་དགོང་མོའི་ཁ་ལག་བཟའ་ཆོག་པ་དང་། དེ་བཞིན་ཤོ་སྦག་དང་། ཞབས་བྲོ། དངོས་ལུགས་གསོ་བཅོས། ལུས་སྦྱོང་སོགས་ཀྱི་ཞབས་ཞུ་ཁག་14ལོངས་སུ་སྤྱོད་རྒྱུ་ཡོད།
      2020ལོའི་ཟླ་12ཚེས་22ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། མིག་སྔར་ཆེད་བསྐོས་ལས་མི་18ཡོད་པ་དེ་དག་གིས་རྒན་རྒོན་རྣམས་ལ་ཞབས་འདེགས་ཞུ་བཞིན་ཡོད། ས་བབ་སྨི་4500ཟིན་པའི་བོད་བྱང་ཐང་དུ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དེ་ཉིད་རྒན་རྒོན་གྱི་དྲོ་སྐྱིད་ལྡན་པའི“དབུ་དཀར་གྱི་ཁྱིམ་གཞིས”ཤིག་ཏུ་གྱུར་ཡོད།