ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་སྟེ། དུས་དང་བར་སྟོང་འཚོལ་ཞིབ་བྱས་ནས་ས་མཐོའི་མིའི་རིགས་ཀྱི་ལོ་རྒྱུས་འདེད་པ།

སྤེལ་དུས 2025-05-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  གནའ་རྫས་རྟོག་ཞིབ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁུངས་འདེད་དང་སྤྱི་ཚོགས་ཀྱི་གྲུབ་ཆ་དང་རིག་གནས་ཀྱི་ཁྱད་ཆོས་གསལ་སྟོན་བྱེད་པའི་རིག་ཚན་གལ་ཆེན་ཞིག་ཡིན་ལ།  དུས་དང་བར་སྟོང་ལ་འཚོལ་ཞིབ་དང་།  མེས་པོ་རྣམས་ཀྱི་རྐང་རྗེས་ལད་ཟློས་བྱེད་པ།  ཤེས་རིག་གི་འགྲོ་ལམ་འཚོལ་བའི་འགྲུལ་བཞུད་ཞིག་ཀྱང་ཡིན།  
  དུས་རབས20པའི་ལོ་རབས50ལ་ཀྲུང་གོའི་མཁས་དབང་གིས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་བྱ་གཞག་འགོ་ཚུགས། ཀྲུང་གོ་ཚན་རིག་ཁང་ས་གཤིས་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཀྲའོ་ཙུང་ཕུའུ་སོགས་ཀྱིས་ནག་ཆུའི་བྱང་ཕྱོགས་ནས་རྡོ་ཆས་གནས་ཡུལ4རྙེད་པ་དང་མ་དཔེ་འགའ་ཞིག་འཚོལ་བསྡུ་བྱས་པ་དེས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་དངོས་སུ་སྤེལ་བ་མཚོན་གྱི་ཡོད། ད་ལྟའི་བར་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལོ70བརྒྱུད་ནས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་ནས་མཚོ་བོད་ས་མཐོའི་ཤེས་རིག་གི་འཕེལ་རིམ་གསལ་སྟོན་བྱ་རྒྱུར་གསོན་ཉམས་ལྡན་པའི་རྒྱུ་ཆ་མཁོ་འདོན་བྱས་ཡོད། ཉེ་ཆར་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་དང་དེ་བཞིན་རིག་དངོས་སྲུང་སྐྱོང་རྣམ་གྲངས23ཡི་འཕེལ་རིམ་དང་གྲུབ་འབྲས་སྤྱི་དམངས་ལ་མཉམ་སྤྱོད་བྱས་པ་དང་རྗེས་ཤུལ་དང་དེ་བཞིན་རིག་དངོས་ཀྱི་དོན་དངོས་ར་སྤྲོད་འབོར་ཆེན་ཐོག་ནས་མཚོ་བོད་ས་མཐོའི་གནའ་བོའི་མིའི་རིགས་ཀྱི་འཕེལ་རིམ་མངོན་ཡོད།
  “གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་གལ་ཆེའི་རང་བཞིན་གྱི་ངོས་ནས་བརྗོད་ན།  དང་པོ་ནི‘མིའི་རིགས་ནམ་ཞིག་ས་མཐོའི་ཐོག་སྤོས་ནས་གཞིས་ཆགས་འགོ་བརྩམས་པའི’གྲོས་གཞི་དེར་གསར་རྙེད་བྱུང་ཡོད”ཅེས་བཤད་པ་རེད།
  བོད་ལྗོངས་སློབ་ཆེན་གྱི་ནང་འདྲེན་དགེ་རྒན་ཆེ་མོ་བ་དང་སློབ་གསོ་པུའུ་ཡི་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི“དགེ་རྒན་ཆེན་པོའི”འཆར་གཞི།  བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཡུང་ཞན་གྱིས་ཉེ་དུས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་ཞིབ་ཕྲ་གནང་སྟེ།“སྔོན་ཆད་སྔ་ཤོས་ཀྱི་བཤད་ཚུལ་ནི།  བོད་ལྗོངས་ཀྱི་མིའི་རིགས་གཞིས་ཆགས་ཡོད་པ་ནི་ཧ་ལམ2000ལོའི་ལོ་རྒྱུས་ཡིན་མོད།  འོན་ཀྱང་མཐའ་མཇུག་གི་མཇུག་བསྡོམས་སྔ་ཕྱི་བར་གསུམ་དུ་ཐོན་མེད། ཉེ་བའི་ལོ་ཤས་རིང་གནའ་རྫས་རྟོག་ཞིབ་གྲུབ་འབྲས་རིམ་བཞིན་ཐོན་ཡོད།  མཚོ་བོད་ས་མཐོའི་ཤར་རྒྱུད་དང་ཤར་ལྷོའི་རྒྱུད་སྟེ་སི་ཁྲོན་དཀར་མཛེས་དང་བོད་ལྗོངས་ཀྱི་ལྟེ་གནས་ཀྱི་སེར་གླིང་ཚོ།  ཉི་ཨ་ཏི་གནའ་ཤུལ་དང་དེ་བཞིན་ནུབ་རྒྱུད་ཀྱི་གནའ་ཤུལ་སྣ་ཚོགས་གསར་རྙེད་བྱུང་བ་དང་བསྟུན་ནས། ང་ཚོས་ད་ལྟ་སྒྲོ་འདོགས་སྤུ་ཙམ་ཡང་མེད་པའི་སྒོ་ནས་བཤད་ཆོག་སྟེ། ལོ་ངོ་ཁྲི་10ཡི་སྔོན་ལ་མིའི་རིགས་མཚོ་བོད་ས་མཐོའི་ཐོག་བསྐྱོད་ཟིན་པ་མ་ཟད།  ས་ཆ་མི་འདྲ་བར་འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཡོད་པ་རེད། གྲུབ་འབྲས་དེ་ནི་གནའ་བོའི་གནམ་གཤིས་རིག་པ་དང་གནའ་བོའི་ས་ཁམས་རིག་པ།  ས་གཤིས་རིག་པ།  གནའ་བོའི་སྐྱེ་དངོས་རིག་པ།  གནའ་བོའི་ཁོར་ཡུག་རིག་པ་སོགས་རང་བྱུང་ཚན་རིག་གི་ཡན་ལག་ཁྱབ་ཁོངས་རབ་དང་རིམ་པ་ཞིག་གི་འདེགས་སྐྱོར་འོག་ཐོབ་པའི་རིག་ཚན་མང་པོ་སྣོལ་སྡེབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཤིག་རེད།  དེ་ནི་གནའ་རྫས་རྟོག་ཞིབ་རིག་པའི་གྲུབ་འབྲས་ཙམ་མ་ཟད།  མཚོ་བོད་ས་མཐོའི་ཚན་རིག་ལས་རིགས་ཡོངས་ཀྱི་གྲུབ་འབྲས་ཀྱང་ཡིན་ཞེས་བཤད་ཆོག  དེར་བརྟེན་ངའི་བསམ་པར་དེ་ནི་ཉེ་བའི་ལོ10དང་ཐ་ན་ཉེ་བའི་ལོ20རིང་ཀྲུང་གོའི་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་བཀྲག་མདངས་ཆེ་ཤོས་ཤིག་རེད”ཅེས་བཤད།
  “བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་བཀྲ་མདངས་གཉིས་པ་ནི་མི་རྣམས་ཀྱིས་མཚོ་བོད་ས་མཐོའི་མིའི་རིགས་ཡོད་ཚུན་གྱི་ལོ་རྒྱུས་རིག་གནས་དང་མེས་རྒྱལ་གྱི་ས་ཁུལ་གཞན་དག་དབར་གྱི་འབྲེལ་བའི་ཐད་གོ་དོན་དང་ངོས་འཛིན་གསར་པ་ཡོད་པ་དེ་རེད” 
  “ངོས་འཛིན་དེ་རིགས་ནི་གནའ་རྫས་རྟོག་ཞིབ་དངོས་པོ་བརྒྱུད་ཀྲུང་ཧྭ་ཤེས་རིག་དང་དེ་བཞིན་ཀྲུང་གོའི་གནའ་རབས་ཀྱི་མི་རིགས་མང་བ་དང་རིག་གནས་མང་བ་དང་སྣ་མང་གཞི་གཅིག་གི་རྣམ་པ་ཆགས་པའི་བརྒྱུད་རིམ་སྦྲེལ་མཐུད་བྱེད་ཐུབ།  དངོས་པོ་དེ་དག་གིས་སྣང་བརྙན་གྱི་སྒོ་ནས་བརྒྱུད་རིམ་དེར་དཔྱད་གཞི་མཁོ་འདོན་བྱས་པ་དང་སྤྱི་དམངས་ལ་ལྟ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད”ཅེས་བཤད།
  དགེ་རྒན་ཆེན་མོ་ལི་ཡུང་ཞན་གྱིས་དཔེ་བཞག་ནས་བཤད་རྒྱུར།  “དཔེར་ན།。ང་ཚོས་རྨ་ཆུའི་འབབ་རྒྱུད་ནས་ཡོང་བའི་འབྲུ་རིགས་ལོ་ཏོག་དང་།  དེ་དང་འདྲ་བའི་སྲོག་ཆགས་འདུལ་གསོ་བྱེད་སྟངས་དང་དེ་བཞིན་སྡོད་སའི་བཟོ་སྐྲུན་རྣམ་པ།  ད་དུང་རྫ་ཆས་ཀྱི་རི་མོ་སོགས་ཤེས་རྟོགས་བྱུང་བས།  མི་རྣམས་ལ་བོད་ལྗོངས་དང་མཐའ་འཁོར་ས་ཁུལ་དབར་སྤེལ་རེས་དང་མཉམ་འགུལ་བྱེད་པ།  ལྷག་པར་དུ་རྨ་ཆུའི་འབབ་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་སྔོན་གྱི་རིག་གནས་ཀྱི་ཁྱད་ཆོས་ཤིག་མཐོང་ཐུབ།
  “དོ་སྣང་བྱེད་དགོས་པའི་གྲུབ་འབྲས་གཞན་ཞིག་ནི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱིས་བོད་ལྗོངས་ཀྱི་ལོ་རྒྱུས་སྔོན་གྱི་རིག་གནས་ཀྱི་སྒོ་འབྱེད་རང་བཞིན་དང་ཕུན་སུམ་ཚོགས་པའི་རང་བཞིན་ར་སྤྲོད་བྱས་ཡོད” 
  “སྔོན་ཆད་ང་ཚོས་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་རྒྱུ་ནི་སངས་རྒྱས་ཆོས་ལུགས་བོད་ལྗོངས་སུ་ཁྱབ་པ་དང་ཐོ་བོད་དུ་ས་གནས་ཀྱི་སྲིད་དབང་བཙུགས་རྗེས་གཞི་ནས་རིག་གནས་དར་རྒྱས་ཀྱི་དུས་སྐབས་བྱུང་བ་རེད་སྙམ་གྱི་ཡོད། འོན་ཀྱང་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བོད་ལྗོངས་ཀྱི་གནའ་རབས་ལོ་རྒྱུས་ཀྱི་འཁོར་མདའ་ཇེ་རིང་དུ་བཏང་བ་མ་ཟད།  ལོ་རྒྱུས་ཀྱི་རྣམ་པ་ཡང་གྲུང་འགྱུར་བྱུང་ཡོད”ཅེས་བཤད་པ་རེད། དཔེར་ན།  མཚོ་ངོས་ལས་མཐོ་ཚད་སྨི4000ཡན་གྱི་མཚེའུ་ཡིས་སྐབས་དེ་དུས་ལོ4000གོང་གི་གནའ་བོའི་མིར་འཚོ་བའི་ཐོན་ཁུངས་ཆ་ཚང་ཞིག་ཇི་ལྟར་མཁོ་འདོན་བྱེད་དགོས། བོད་ཤར་གྲོག་རོང་གི་ལུང་གཞུང་ཁུལ་དུ་ཁྲེ་འདེབས་འཛུགས་གཙོ་བོར་བྱས་པའི་ཧེང་ཏོན་རི་བོའི་སྐྱེ་ཁམས་ཁོར་ཡུག་གིས་ས་མཐོའི་ཤར་རྒྱུད་ཀྱི་མི་རྣམས་ལ་འཚོ་གནས་ཀྱི་རྨང་གཞི་ཇི་ལྟར་མཁོ་འདོན་བྱེད་དགོས། བོད་ལྗོངས་ཀྱི་ནུབ་རྒྱུད་དང་བྱང་རྒྱུད་དུ་རྙེད་པའི་བྲག་ཕུག་གི་རྗེས་ཤུལ་གྱིས་མི་རྣམས་ལ་ཇི་ལྟར་བྱས་ནས་བྲག་ཕུག་ཏུ་སྡོད་པའི་བྱེད་སྟངས་སྤྱད་ནས་རང་ཉིད་ཀྱི་འཚོ་གནས་རྒྱུན་འཁྱོངས་བྱེད་པ་སོགས་གསལ་བཤད་བྱས་ཡོད”ཅེས་བཤད། དགེ་རྒན་ཆེན་མོ་ལི་ཡུང་ཞན་གྱིས་ད་ལྟའི་བར་དུ་ལོ་ངོ5000དང6000ནས་ད་ལྟའི་བར་དུ་ལོ་ངོ3000དང་ཐ་ན་ལོ2500བར་རྒྱུན་མཐུད་བྱས་པའི་ལོ་རྒྱུས་སྔོན་གྱི་རིག་གནས་ནི་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་པ་དང་སྐབས་དེའི་ས་མཐོའི་ནང་ཁུལ་དུ་འཚོ་གནས་ཀྱི་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་དང་བོད་ལྗོངས་ཀྱི་ལོ་རྒྱུས་སྔོན་གྱི་འཚོ་གནས་རྗེས་ཤུལ་དེ་དག་གི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱིས་ཡི་གེའི་ཚད་ལྡན་ཡིག་ཆའི་ཐད་ཀྱི་སྟོང་ཆ་ཁ་གསབ་བྱས་ཡོད།
  གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ་དེ་ནི་གནའ་རྫས་རྟོག་ཞིབ་པ་མི་རབས་ནས་མི་རབས་ཀྱི་རྒྱུན་འཁྱོངས་དང་དགའ་ཞེན་དང་ཁ་འབྲལ་ཐབས་མེད། དགེ་རྒན་ཆེ་མོ་བ་ལི་ཡུང་ཞན་གྱིས་གསར་འགོད་པར་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་ལ་བོད་རང་སྐྱོང་ལྗོངས་ས་གནས་དེ་གའི་ཚན་རིག་རྟོག་ཞིབ་དཔུང་ཁག་ཡོད་པ་མ་ཟད།  རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་སློབ་རྩེ་གྲ་མང་པོའི་ཚན་རིག་ཞིབ་འཇུག་མི་སྣས་ཀྱང་གཅིག་སྡུད་བྱས་ཡོད་ཅེས་བཤད་པ་རེད།  དོན་འདིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཤད་ན།  ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པ་དེང་རབས་ཅན་གྱི་ཁྱད་ཆོས་ཤིག་མཚོན་པ་སྟེ།“སྡེ་ཚན་མང་པོ་དང་རིག་ཚན་མང་བས་ས་ཁུལ་ཞིག་ཏུ་ལོ་རྒྱུས་རིག་གནས་ལ་ནུས་ལྡན་ངང་གཏིང་ཟབ་སྤེལ་དགོས”ཞེས་བཤད་པ་རེད། ད་ཐེངས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡིས་རྩ་འཛུགས་བྱས་ནས་ཁྱབ་བསྒྲགས་བྱས་པའི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ཁག23ལ་གནའ་རྫས་རྟོག་ཞིབ་པ་མང་པོ་ཞིག་གི་དཀའ་སྤྱད་དང་བློ་གྲོས་གཅིག་སྡུད་བྱས་ཡོད་ཅིང་།  དོན་དངོས་ཐོག་“རིག་དངོས་གསོན་པོར་འགྱུར་དུ་འཇུག་པའི”རྨང་གཞིའི་རང་བཞིན་གྱི་ལས་ཀ་ཞིག་ཡིན་ལ།  གནའ་རྫས་རྟོག་ཞིབ་རིག་པའི་གྲུབ་འབྲས་སྤྱི་ཚོགས་ཅན་དང་སྤྱི་དམངས་ཅན་དུ་འགྱུར་བའི་གྲུབ་འབྲས་ཧ་ཅང་ལེགས་གྲུབ་ལྡན་པའི་བྱེད་སྒོ་ཞིག་རེད།
  དགེ་རྒན་ཆེ་མོ་བ་ལི་ཡུང་ཞན་གྱིས་ད་ལྟའི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཆུ་ཚད་དེ་རྒྱལ་ཡོངས་དང་གཅིག་མཚུངས་ཡིན་པར་བརྟེན་ངའི་བསམ་པར་གནའ་རྫས་རྟོག་ཞིབ་དེ་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་བའི་ལས་དོན་གྱི་བཀྲག་མདངས་ཤིག་དང་ཐ་ན་མིང་བྱང་ཞིག་ཏུ་བརྩིས་ན་ཐལ་དྲགས་མེད”ཅེས་ཕྱོགས་བསྡོམས་གནང་བ་རེད།