ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དང་པོ་བཙུགས་པ།
སྤེལ་དུས 2025-05-15
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ5པའི་ཚེས9ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་རྒྱལ་ཁབ་ཕུག་ལམ་འཕྲལ་སྡོམ་རོགས་སྐྱོབ་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་བོད་ལྗོངས་རུ་ཁག་དང་འཕྲལ་སྡོམ་དོ་དམ་པུའུ་རང་བྱུང་གནོད་འཚེའི་ལས་གྲྭའི་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་ལྷ་ས་རྟེན་གཞི་སོགས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག7ལ་དར་ཆ་སྤྲད་ནས། དེ་དག་རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་ཏུ་གཏན་འཁེལ་བྱས་ཏེ་བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་མེད་པའི་སྟོང་ཆ་བསྐངས།
ཤེས་རྟོགས་བྱུང་བ་ལྟར་ན། ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་བཙུགས་པ་ནི་བོད་ལྗོངས་ཀྱི་ལྗོངས་བབ་དང་གནོད་འཚེའི་དོན་རྐྱེན་གྱི་ཁྱད་ཆོས་ལ་གཞིགས་ནས། “ཉེན་ཁ་ཆེན་པོ་སེལ་བ་དང་གནོད་འཚེ་ཆེན་པོ་སྐྱོབ་པའི”དགོས་མཁོ་དངོས་དང་འཚམ་པའི་བྱེད་ཐབས་ཤིག་ཡིན་པས། དེས་ཆེད་ལས་རོགས་སྐྱོབ་དཔུང་ཁག་བཀོད་སྒྲིག་ལུགས་མཐུན་དང་། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། དུས་རབས་གསར་པའི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བཅས་ལ་དོན་སྙིང་གལ་ཆེན་ལྡན།
“ད་ལོ་རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་ཁག་དང་པོའི་ནང་བདམས་པ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། མ་འོངས་པར་ང་ཚོས་འགན་ནུས་ཧུར་ཐག་གིས་བཏོན་ནས་ཡོམ་འགོག་གེགས་སེལ་དང་། ནགས་ཚལ་རྩྭ་ཐང་གི་མེ་ཟོན། འབྲུབ་འགོག་ཐན་འགོག་སོགས་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་ཏང་དང་སྲིད་གཞུང་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་རྐང་འཛིན་རོགས་སྐྱོབ་སྟོབས་ཤུགས་ཤིག་གཏོད་རྒྱུ་ཡིན”ཞེས་རྒྱལ་ཁབ་ཕུག་ལམ་འཕྲལ་སྡོམ་རོགས་སྐྱོབ་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་བོད་ལྗོངས་རུ་ཁག་གི་རུ་དཔོན་ཁྲེན་ཧོའུ་ཅན་གྱིས་བཤད།