སློབ་སྦྱོང་དང་། བཤེར་འདོན། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ནུས་སེམས་གཅིག་སྒྲིལ་གྱིས་སྲོལ་གསར་བཏོད་པ།
སྤེལ་དུས 2025-06-03
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། ལྷག་པའི་གནད་དོན་དང་མི་འདང་སར་བཤེར་འདོན་ནན་ཏན་བྱེད་པ། གཅིག་སྡུད་དག་ཐེར་གྱི་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྒྲུབ་པ་བཅས་བྱས་ནས། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།
སྙིང་རུས་ལྷོད་མེད་ཀྱིས“སློབ་སྦྱོང”ལ་ཤུགས་སྣོན་བརྒྱབ་སྟེ། རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཡོང་བར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཚན་ཁག་ཆེན་པོ་བཞི་དང་ཞིང་ཆེན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་གོང་དཔེ་འོག་སྟོན་གྱིས་དོན་དངོས་དང་ཟུང་འབྲེལ་གནང་ནས་བགྲོ་གླེང་དང་སྤེལ་རེས་གནང་བ་དང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་བློ་མཐུན་བོད་དུ་ཆེད་དོན་ཟུར་ཁྲིད་གནང་བར་ཕེབས་པ། ས་གནས་ཁག་དང་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྗོངས་ཡོངས་ཀྱི་ཏང་རྩ་འཛུགས་ཁྲི་2.1དང་ཏང་ཡོན་ཁྲི་46ལྷག་ཙམ་གྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཀྲི་པུའུ་ཧྲུའུ་ཅིའི་གླེང་སྟེགས་སོགས་ཀྱི་རྣམ་པ་བརྒྱུད་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གིས་རིགས་དབྱེ་ཇུས་འདོན་གྱིས་གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་བཅས་ཀྱི་སློབ་སྦྱོང་སློབ་གསོ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ལྗོངས་ཆུ་བེད་ཐིང་། ལྗོངས་ལུས་རྩལ་ཅུས། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་སློབ་སྦྱོང་གཉིས་ཟུང་འབྲེལ་བྱས་ནས་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་ཇུས་ཞིབ་འཇུག་ཁོངས་གཏོགས་ཀྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སྲིད་ཇུས་ཞིབ་འཇུག་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་བཏང་སྟེ་རྩོམ་སྲོལ་དང་སྤྱོད་ཚུལ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ཉེན་བརྡའི་སློབ་གསོའི་གྱོད་དཔེ་དབྱེ་ཞིབ་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་ངེས་ཤུགས་དང་བྱ་སྤྱོད་ཀྱི་ནུས་ཕྱོད་ཆེ་རུ་ཏན་ཏིག་བཏང་ཡོད། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་རང་སྐྱོང་ལྗོངས་ཀྱི“ཉེ་འགྲམ་བྱ་བས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་གཉེར་ནས་ཏང་ཡོན་དང་ལས་བྱེད་པར་ཉེན་བརྡའི་སློབ་གསོའི་ལས་སྟེགས་བཏོད་ཡོད།
སྙིང་རུས་ལྷོད་མེད་ཀྱིས་བྱ་ཐབས་དངོས་སྤྱད་དེ“བཤེར་འདོན”བྱེད་པ་དང་། མི་འདང་བའི་ཆར་ཐད་ཀར་གདོང་གཏུགས་ཤིང་། ས་གནས་ཁག་དང་ཚན་པ་ཁག་གིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གིས་གཏན་འབེབས་ཁ་གསལ་བྱས་པའི་གནད་དོན་གྱི་གསལ་ཐོ་2དང་གཞི་རིམ་གྱི“སྤྱོད་ཚུལ་བཞིའི”མངོན་མེད་ཐབས་སྒྱུར་གྱི་མཚོན་ཚུལ་རིགས་10དང་བསྡུར་ནས་འཚོལ་བཤེར་དང་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གནད་དོན་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་བཤེར་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཚན་ཁག་ཆེན་པོ་བཞིས་གནད་དོན་12བཤེར་འདོན་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་གནད་དོན་89བཤེར་འདོན། ས་གནས་ཁག་དང་ཚན་པ་ཁག་གི་འགོ་ཁྲིད་ཚན་ཁག་གིས་གནད་དོན་3366བཤེར་འདོན་བཅས་བྱས་ཡོད། ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་སློབ་སྦྱོང་སློབ་གསོ་དང་རྒྱུན་གཏན་གྱི་སྐོར་ཞིབ་ལ་གཞོགས་འདེགས་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་དང་། བཤེར་འདོན། དག་ཐེར་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལམ་ལུགས་སྣ་ཚོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་བརྟག་དཔྱད་ཞིབ་འཇུག་དང་། མཇུག་འདེད་སྒྲུབ་སྐུལ། ལས་ཁུངས་ལས་བྱེད་པའི་དོ་དམ་ཞན་པ་སོགས་ཀྱི་གནད་དོན་རིགས་བཤེར་འདོན་བྱས་ཏེ་རང་དཔེ་གཞན་སྟོན་གྱིས་དག་ཐེར་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཡོད། ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ལས་ཤག་བརྟག་དཔྱད་བསྡོམས་རྩིས་དང་དེ་བཞིན་སྒྲིག་འགལ་བཅོས་སྒྲིག་གི་ལས་དོན་གཅིག་སྡུད་སྤེལ་ནས་གནད་དོན་ངོ་མ་ཞིབ་བཤེར་དང་གནད་དོན་ལ་དངོས་སུ་ཞིབ་བཤེར་བྱས་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྐོར་ཞིབ་དག་ཐེར་དང་ཁྲིམས་འཛིན་སྐོར་ཞིབ་ལས་དོན་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་ཁྲིམས་འཛིན་གྱི་གནད་དོན་ལ་དམིགས་ཏེ་བཤེར་འདོན་ནན་ཏན་བྱེད་པ་དང་། འབྱུང་རྩ་ནས་དབྱེ་ཞིབ་བྱེད་པ། དག་ཐེར་གྱི་བྱེད་ཐབས་འདོན་པ་བཅས་བྱས་ཡོད། ལྗོངས་ཏང་ཨུད་དངུལ་རྩ་ཞབས་ཞུ་གཞུང་ལས་ཁང་གིས་ཏང་ཡོན་དང་ལས་བྱེད་པས་དངུལ་རྩའི་ཐོན་ཁུངས་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་མི་འདང་བ་སོགས་ཀྱི་གནད་དོན་བཤེར་འདོན་བྱས་ཡོད། ལྗོངས་མ་འཇོག་སྐུལ་འདེད་ཅུས་ཀྱིས་བསམ་འཆར་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ངོ་ཐུག་གདོང་འཕྲད་ཀྱིས་ཤེས་རྟོགས་བྱས་ཏེ་ཐག་གཅོད་བྱེད་ཐབས་གྲོས་མོལ་བྱས་ཡོད། བོད་ལྗོངས་སློབ་ཆེན་གྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུ་དེ་འཇུག་གཞིར་བྱས་ནས། སློབ་མ་བསྡུ་བ་དང་། རྨང་གཞིའི་འཛུགས་སྐྲུན་གྱི་ལས་གྲྭ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ། རྒྱབ་ཕྱོགས་མཁོ་སྒྲུབ་དོ་དམ། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་གནད་དོན་ལ་བཤེར་འདོན་གཏིང་ཟབ་ཀྱིས་བཅོས་སྒྲིག་གི་རྩིས་ཐོ་བཟོས་ཡོད།
སྙིང་རུས་ལྷོད་མེད་ཀྱིས“དག་ཐེར”ལ་ཕན་འབྲས་དངོས་ཐོན་པ་དང་དག་ཐེར་དོན་འཁྱོལ་ནན་པོ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱིས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བླང་བྱ་དང་ཡང་ཡང་བསྡུར་ནས་མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་གི་རྣམ་གྲངས་2གཏན་འཁེལ་དང་ཆེད་དོན་བཅོས་སྒྲིག་གི་ཇུས་གཞི་བཟོས་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་གཅིག་སྡུད་བཅོས་སྒྲིག་གི་རྩིས་ཐོ་རེ་རེ་བཞིན་བཟོས་ནས། དག་ཐེར་གྱི་དམིགས་ཚད་དང་། དག་ཐེར་གྱི་དུས་ཚད། འགན་འཁུར་བ་བཅས་ཁ་གསལ་བཟོས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ལ་སྤྱོད་ཚུལ་འཛུགས་སྐྱོང་གི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་དུ་བཅུག་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས“དག་ཐེར་གཅིག་དང་། ཡུག་ཁུལ་གཅིག་བཅོས་སྐྱོང་། ས་ཁོངས་གཅིག་ཚད་ལྡན་དུ་གཏོང་བའི”བྱ་ཐབས་སྤྱད་དེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མངའ་རིས་ས་ཁུལ་གྱིས“ལས་བྱེད་པ་གཤམ་སྐྱོད་ཤུགས་ཆེན་བྱེད་པ་དང་། འགལ་ཟླ་གྲལ་བཤེར་ཆེན་པོ་བྱེད་པ། གནད་དོན་ཐག་གཅོད་ཆེན་པོ་བྱེད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས། ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལེགས་གཏོང་དང་། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེར་གཏོང་། མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་དང་། ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུའུ། ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས་བཤེར་འདོན་བྱས་པའི་གནད་དོན་དང་ཟུང་འབྲེལ་གྱིས་གང་མགྱོགས་ཆེད་དོན་བཅོས་སྒྲིག་གི་ཇུས་གཞི་བཟོས་ནས་ལས་དོན་སྤུས་ཚད་མཐོ་པོས་སྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ལས་དོན་ལེགས་བཅོས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཚན་ཁག་གི་ཁོངས་མིས་རེས་སྐོར་དང་པོའི་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ཡོངས་ཁྱབ་ཐུབ་རྒྱུ་གཅིག་རྗེས་གཉིས་མཐུད་ངང་ལེགས་སྒྲུབ་བྱས་པ་དང་། དཀའ་གནད་དང་འགག་གནད་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“གནད་དོན་གྱི་གསལ་ཐོ”དེ“ཕན་འབྲས་ཀྱི་གསལ་ཐོར”འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཞིབ་དཔྱོད་ཁང་གིས་ཉེན་བརྡའི་སློབ་གསོ་མངོན་གསལ་དོད་དུ་བཏང་ནས། ཞིབ་དཔྱོད་ཁོངས་གཏོགས་ཀྱི་ཉེན་བརྡའི་སློབ་གསོའི་གྱོད་དཔེ་ཕྱོགས་བསྒྲིགས་ཀྱིས་རྩོམ་སྒྲིག་དང་པར་དུ་བཏབ་སྟེ། གྱོད་དཔེ་དཔྱད་གཞིར་འཛིན་པ་དང་། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་གླེང་བ། གྱོད་དཔེར་བརྟེན་ནས་ལེགས་བཅོས་བཅས་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས“གནད་དོན་གྱི་གསལ་ཐོ་དང་། དག་ཐེར་གྱི་བྱེད་ཐབས། འགན་འཁྲིའི་སྡེ་ཚན”བཅས་གདུབ་ཟུམ་ལམ་སྲོལ་བཙུགས་ནས་དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད། ལྗོངས་མི་སྤྱི་ཐིང་གིས་ལྟ་སྐུལ་གྱི་ནང་དོན་ཁག་16ཁ་གསལ་བཟོས་ནས། ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། བྱེད་ཐབས་སྔར་བས་ཏན་ཏིག་ཏུ་གཏོང་བ། འགན་འཁྲི་སྔར་བས་དམ་ནན་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་སློབ་གྲྭའི་ལྟོ་ཆས་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཐད་གནས་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།