ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀརྨ་ཚེ་བརྟན་གྱིས་ལྷ་ས་འགག་སྒོ་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བ།

སྤེལ་དུས 2025-06-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་30ཉིན། བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་འགག་སྒོ་དང་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བ་རེད།
  ལྷ་ས་འགག་སྒོའི་ལག་རྩལ་ལྟེ་གནས་ཚོད་ལྟ་ཁང་དང་འགག་སྒོའི་ལོ་རྒྱུས་ཁང་དུ་ཀརྨ་ཚེ་བརྟན་གྱིས་ལྷ་ས་འགག་སྒོའི་འཕེལ་རྒྱས་ལོ་རྒྱུས་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ལག་རྩལ་ཞིབ་དཔྱད་ཚད་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། འགག་སྒོ་ལས་ཁུངས་ཀྱིས་རྒྱལ་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་འཁུར་བཞིན་ཡོད་པས། འགག་སྒོ་ལས་ཁུངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཆབ་སྲིད་ལ་བརྟེན་ནས་འགག་སྒོ་སྟོབས་ཆེན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་གི་སྣེ་ཁྲིད་དེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་འགག་སྒོའི་ལས་ཀའི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྟ་འདོམས་ཀྱི་དམར་ཐིག་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྒོའི་སྲུང་དམག་ཡག་པོ་ཞིག་བྱེད་དགོས། ཕྱི་ཕྱོགས་ཚོང་དོན་གྱི་གཞི་རྩའི་གནས་ཚུལ་བརྟན་པོ་ཡོང་བ་དང་། “བོད་ཀྱི་ཚོང་རྟགས”ཀྱི་ཐོན་རྫས་དེ་བས་མང་བ་རྒྱལ་ཕྱིར་ཁྱབ་གདལ་གཏོང་བ། འཛམ་གླིང་ཡོངས་ལ་ཁྱབ་པ་བཅས་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
  བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་ཀརྨ་ཚེ་བརྟན་12366ཁྲལ་འཇལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལྟེ་གནས་དང་ཡོང་འབབ་འཆར་འགོད་ཞིབ་རྩིས་ཁྲུའུ་སོགས་ཁྲུའུ་དང་ཁང་དུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁྲལ་རིན་ཞབས་ཞུ་སོགས་ཀྱི་ལས་དོན་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
  ཁོང་གིས་ཁྲལ་བསྡུ་ནི་དཔལ་འབྱོར་འཁོར་རྒྱུག་གི“ཆར་བརྟག་ཡོ་བྱད”ཅིག་རེད། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་རང་རྟོགས་ངང་ཁྲལ་བསྡུའི་ལས་དོན་དེ་ཏང་གི་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་བྱ་གཞག་གི་སྤྱི་ཡོངས་སུ་བཞག་ནས་བསམ་གཞིག་དང་འཆར་འགོད་བྱས་ཏེ། ནོར་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཁྲལ་བསྡུའི་ནུས་པ་གལ་ཆེན་ཏན་ཏིག་འདོན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་ཁྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ་དང་།“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”དམིགས་ནས་ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བའི“མཐའ་མའི་འགག་གནད”བསལ་དགོས། དཔྱ་ཁྲལ་ལ་བརྟེན་ནས་སྲིད་དོན་བློ་འདྲི་དེ་བས་ལེགས་པར་བྱེད་པ་དང་། ཁྲལ་བསྡུའི་གྲངས་གཞིར་དབྱེ་ཞིབ་དང་བེད་སྤྱོད་གཏིང་ཟབ་ཏུ་གཏོང་བ། སྔོན་དཔག་གསོག་འཇོག་དང་དུས་ཐོག་ཏུ་སྲིད་ཇུས་རང་བཞིན་གྱི་གྲོས་འགོ་བཏོན་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲལ་བསྡུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།