ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2025-06-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་6ཚེས་18ཉིན་ནས་ཚེས་21ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་དང་། དིང་རི། སྐྱིད་གྲོང་། ས་དགའ། ངམ་རིང་། ལྷ་རྩེ་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་གྱི་སྙན་སེང་གསན་བཞིན་པ།
  ཟླ་6ཚེས་18ཉིན་ནས་ཚེས་21ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་དང་། དིང་རི། སྐྱིད་གྲོང་། ས་དགའ། ངམ་རིང་། ལྷ་རྩེ་སོཌ་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་རྒྱལ་གྲོང་ཚོར་ལུག་གསོ་ཚཌ་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་དང་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
  ཟླ་6ཚེས་18ཉིན་ནས་ཚེས་21ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་དང་། དིང་རི། སྐྱིད་གྲོང་། ས་དགའ། ངམ་རིང་། ལྷ་རྩེ་སོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ས་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ཏེ་སྒོ་མོ་ཕྱེ་བའི་ལྟེ་བའི་གྲོང་ཁྱེར་ཧུར་ཐག་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
  ཉིན་ཤས་བསྟུད་མར་ཝང་ཅུན་ཀྲེང་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ནས་ཡུལ་དངོས་ལ་གཟིགས་པ་དང་། སྙན་སེང་གསན་པ། གནས་ཚུལ་དངོས་ལ་བརྟག་ཞིབ་གནང་བ། བྱ་ཐབས་དངོས་བཏོན་གནང་སྟེ་གཞི་རིམ་གྱི་ལས་དོན་ལ་སྔར་བས་དམ་འཛིན་ཏན་ཏིག་བྱེད་པ་དང་། རྨང་གཞི་བརྟན་པོ་འདིང་བ། གོམ་པ་བརྟན་པོ་སྤོ་བ་བཅས་ལ་མཛུབ་ཁྲིད་གནང་བ་རེད། “ཁྱེད་ཚོས་ལས་ཀ་ཧུར་ཐག་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ས་ཆ་གང་དུ་ཕེབས་རིམ་བཞིན་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་ལས་བྱེད་པར་ཐུགས་ཁུར་ཆེན་པོ་གནང་ནས་ཁོང་ཚོར་འཚམས་འདྲི་གནང་གི་ཡོད། ཁོང་གིས། ཚང་མས་འཇོན་ཐང་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་ལ་ཞུན་བརྡར་སྤྲས་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། བྱ་བ་དངོས་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་དོན་ཁག་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
  ཝང་ཅུན་ཀྲེང་སྔ་རྗེས་སུ་དིང་རི་རྫོང་སྒང་དཀར་གྲོང་རྡལ་དང་། སྐྱིད་གྲོང་རྫོང་ཀྲེ་པ་ཤང་དང་། རྫོང་དགའ་གྲོང་རྡལ། སྐྱིད་གྲོང་གྲོང་རྡལ། ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་བཅས་སུ་ཕེབས་ནས་མི་རིགས་མཐུན་སྒྲིལ་དང་། རིག་དངོས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚོན་རྟགས་མཚོན་རྒྱུར་སྣང་ཆེན་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། རིག་དངོས་ཐོན་ཁུངས་བེད་ཡག་པོ་སྤྱོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་ཡག་པོ་འདོན་པ་བཅས་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་དང་དངོས་གཞིའི་ཐོན་ལས་རྣམ་གྲངས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཕན་འབྲས་བཟང་རིགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། ཞིང་པར་ཡོང་འབབ་འཕར་བ། གྲོང་གསེབ་ལ་གསོན་ཤུགས་རྒྱས་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
  གཞིས་རྩེ་ནི་ཆུ་ཚད་མཐོ་བའི་སྒོ་དབྱེའི་གཡུལ་ས་མདུན་ཤོས་དེ་རེད། སྐྱིད་གྲོང་རྫོང་སྤང་གཞོང་ཟོག་འགྲེམས་གླིང་དང་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་ཞིབ་བཤེར་ཁུལ་སོགས་སུ་ཝང་ཅུན་ཀྲེང་གིས་འགག་སྒོ་འཛུགས་སྐྲུན་དང་། མཐའ་མཚམས་དོ་དམ། མཐའ་མཚམས་ཚོང་དོན་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། བློ་རིག་རིག་ནུས་དང་། འགྲོ་སྐྱོད་ནུས་པ། དོ་དམ་ཞབས་ཞུ་བཅས་ཚད་ལྡན་ཅན་ལ་མགྱོགས་མྱུར་འཛུགས་སྐྱོང་བྱས་ནས་ཚོང་དོན་སྟབས་བདེ་ཅན་དང་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་དགོས། ཏང་སྲིད་དམག་ཉེན་དམངས་ཀྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ལ་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་བདེ་འཇགས་ཀྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཟོག་འགྲེམས་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་ཚོང་དོན་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཀྱི་ནུས་རིམ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
  མིག་སྔར། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད། ངམ་རིང་རྫོང་གད་ཁ་གྲོང་རྡལ་དུ་ཝང་ཅུན་ཀྲེང་གིས་སློབ་སྦྱོང་སློབ་གསོའི་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཁུག་གསང་སྟོང་གསུམ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། ལྟ་སྐུལ་སྒྲིག་སྒྱུར་གྱི་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་སྣང་ཆེན་བྱེད་པ། སློབ་སྦྱོང་སློབ་གསོའི་ཉམས་མྱོང་དང་བྱེད་སྟངས་དུས་ཐོག་ཏུ་ཕྱོགས་སྡོམ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། གཞི་རིམ་གྱི་ལས་བྱེད་པ་མང་ཚོགས་ཁྲོད་བསྐྱོད་ནས་རང་འགན་ཐེག་པ་འཁུར་ལེན་དང་ལས་སྒྲུབ་ལས་གཏོད་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོད་པར་བྱེད་དགོས་ཞེས་གསུངས་པ་རེད།
  བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་རྗེས་གཞིས་རྩེའི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་བཏོན་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། རིགས་པའི་གཞུང་ལུགས་བྱང་ཆུབ་པར་བྱེད་པ་ནི་ཆབ་སྲིད་བྱང་ཆུབ་པའི་རྨང་གཞི་ཡིན་པ་དང་། ཆབ་སྲིད་ཐོག་གི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐོག་གི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ལས་བྱུང་བ་ཞིག་རེད། འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་ཡོད་ཚད་ནང་ནས་ཆབ་སྲིད་ཀྱི་འཇོན་ཐང་ནི་ཨང་དང་པོ་ཡིན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་ཀྱིས་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པར་བྱས་ཏེ་དེ་དག་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱུན་བསྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། མཐའ་ཚད་ཀྱི་བསམ་བློ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱེད་པ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཏན་ཏིག་སྤེལ་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་སྤྱི་འདོམས་བེད་སྤྱོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཆེ་རུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཧུར་ཐག་ཡོང་བ་བཅས་བྱས་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེན་པོ་གཏོད་དགོས། སྒོ་དབྱེའི་བཀོད་པ་ལེགས་སུ་བཏང་སྟེ། སྲིད་ཇུས་ཀྱི་ལེགས་ཆ་དང་། འགག་སྒོའི་ལེགས་ཆ། འབྲེལ་མཐུད་ཀྱི་ལེགས་ཆ་བཅས་གང་ལེགས་འདོན་པ་དང་། འགག་སྒོའི་རོགས་ལས་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། གེགས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། བྱ་བ་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བློ་ལ་འབབ་པར་བྱེད་པ། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ལ་དེང་རབས་ཀྱི་ཡ་རབས་འཚོ་བའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་གིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ། བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས་བརྟན་པོ་འཆང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ནན་པོ་ཞུ་བ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།