གློག་བརྙན《སུམ་པའི་རྒྱལ་ཕྲན་འཚོལ་བ》ཞེས་པ་པར་ལེན་ལེགས་གྲུབ་བྱུང་བ།
སྤེལ་དུས 2025-10-22
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་གློག་བརྙན་དེ་བཟོ་མཁན་མི་སྣ་གཙོ་བོ་དང་འབྲི་རུ་རྫོང་གསའ་ཕུ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བས་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
ཚེས་20ཉིན། གློག་བརྙན《སུམ་པའི་རྒྱལ་ཕྲན་འཚོལ་བ》ཞེས་པ་པར་ལེན་ལེགས་གྲུབ་བྱུང་བའི་མཛད་སྒོ་དང་སྨྱན་སྦྱོར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་དང་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གསའ་ཕུ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་དུས་གཅིག་ཏུ་འཚོགས་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། གློག་བརྙན《སུམ་པའི་རྒྱལ་ཕྲན་འཚོལ་བ》ཞེས་པ་ནི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པ་དང་། མི་རིགས་མཐུན་སྒྲིལ་མངོན་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་བརྩམས་ཆོས་ཤིག་ཡིན་པ་དང་། གློག་བརྙན་དེ་བསྟན་འཛིན་བརྩོན་འགྲུས་ཀྱིས་མི་སྣ་གཙོ་བོ་བྱས་ནས་གངས་ལྗོངས་ས་མཐོའི་ངོ་མཚར་མཛེས་ལྗོངས་ཁྲོད་ལྷད་མེད་ཀྱི་བརྩེ་དུང་མཚོན་པའི་ངོ་མཚར་གཏམ་རྒྱུད་བརྗོད་ཡོད།