ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མངའ་རིས་ས་ཁུལ་གྱིས་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱས་པ།

སྤེལ་དུས 2025-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་བདུན་པའི་ཟླ་མཇུག་ནས་བཟུང་། ཅུས་དེས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་གི་འགག་སྒྲོལ་བྱ་སྤྱོད་སྤེལ་ཏེ། བཟའ་བཅའ་སྨན་རྫས་དང་། དམིགས་བསལ་སྒྲིག་ཆས། ཐོན་རྫས་ཀྱི་སྤུས་ཚད། ཁྲོམ་རའི་སྒྲིག་ལམ། འཛད་སྤྱོད་ཁེ་སྲུང་སོགས་གཙོ་གནད་ཁྱབ་ཁོངས་སུ་གནད་སྨིན་ཤུགས་འདོན་བྱས་པས་ཕན་འབྲས་བཟང་པོ་ཐོན་པ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད།
  བྱ་སྤྱོད་སྤེལ་རིང་། ལས་དོན་ཚོགས་ཆུང་གིས་སློབ་གྲྭའི་ཟ་ཁང་དང་སྨན་རྫས་ཚོང་ཁང་སོགས་ལ་དམིགས་ནས་བཟའ་བཏུང་གཉེར་སྐྱོང་བྱེད་པོ་ཐེངས་གྲངས་620ལྷག་ཙམ་དང“རྫས་གཉིས་ཆས་གཅིག”གི་ཚན་པ་ཐེངས་གྲངས་240ལྷག་ཙམ་ལ་ཁྱབ་པ་དང་། སློབ་གྲྭའི་བཟའ་བཅའ་དང་ལྟོ་སྣོད་ལ་འཐེན་བཤེར་ཐེངས་200ཙམ་བྱས་པར་ཚད་ལོན་ཚད་97.5%ཟིན་པ་དང་། ཞིང་ལས་ཐོན་རྫས་ལ་འཐེན་བཤེར་ཁག་ཐེངས་1800ལྷག་ཙམ་བྱས་པར་ཚད་ལོན་ཚད་100%ཟིན་པ། དམིགས་བསལ་སྒྲིག་ཆས་ལ་གྲལ་བཤེར་བྱེད་ཚད་ས་ཁུལ་ཡོངས་ཀྱི་སྒྲིག་ཆས་1500ལྷག་ཙམ་ལ་ཁྱབ་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་44བསལ་བ། ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་འདོམས་བྱེད་སྐབས་གློག་སྒུལ་རྐང་འཁོར་དང“རྒན་གཅིག་གཞོན་གཅིག”གི་ཐོན་རྫས་སོགས་ལ་དམིགས་ཏེ་གཉེར་སྐྱོང་བྱེད་པོ་ཐེངས་གྲངས་179ལ་ཞིབ་བཤེར་བྱས་ནས་ས་གནས་དེ་གའི་རླངས་གཤེར་རྡོ་སྣུམ་རླངས་སྣོན་འཕྲུལ་ཆས་ཀྱི་ཚད་འཇལ་ཞིབ་བཤེར་གཏན་འཁེལ་གྱི་སྟོང་ཆ་ཡང་བསྐངས་པ་རེད། དེ་དང་དུས་མཚུངས་སྒོ་རྩིས་ཚོང་ཁང་དང“ཆུ་གློག་རླངས”གསུམ་ཁྱབ་ཁོངས་ཀྱི་རིན་གོང་གི་གནད་དོན་བཅོས་སྒྲིག་བྱས་ཏེ། རིན་གོང་གསལ་པོ་བཀོད་མེད་པའི་ཚོང་ཁང་82ལ་རིན་གོང་ཚད་ལྡན་འགོད་དུ་བཅུག་ཡོད། གཞན་ཡང་ཆེད་དོན་བྱ་སྤྱོད་སྤེལ་རིང་། 12315ཐེར་འདོན་ཐབས་ལམ་ཕན་འབྲས་ཆེན་པོས་འཁོར་རྒྱུག་བྱས་ཏེ་རེ་ཞུ་ཁག་64ཙམ་བདག་སྤྲོད་བྱས་པ་དང་། སྒྲུབ་གཉེར་བྱེད་ཚད་100%ཟིན་པ་མ་ཟད། དཔེ་མཚོན་གྱི་འཛད་སྤྱོད་རྩོད་གཞི་མང་པོ་བདེ་བླག་ངང་ཐག་གཅོད་བྱས་པ་རེད།