ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

“གངས་ལྗོངས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་ཐད་གཏོང་ཁང”གི་སྒོ་བྱང་བཀལ་བ།

སྤེལ་དུས 2025-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར“གངས་ལྗོངས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་ཐད་གཏོང་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་དང་གླེང་མོལ་བྱེད་སྒོ་ཐོག་མ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་སྤེལ་བ་རེད། དེ་ཐོག་ནས་ལས་རྣམ་གསར་པ་སྐྱེད་སྲིང་དང་གཞོན་ནུའི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ལྷ་སས་འགག་རྩའི་གོམ་སྟབས་སྤོས་ཏེ་ས་གནས་དེ་གའི་གཞོན་ནུར་གངས་ལྗོངས་ས་མཐོ་དང་རྒྱལ་ཡོངས་ཀྱི་ཁྲོམ་ར་སྦྲེལ་མཐུད་བྱེད་པའི“གྲངས་འཛིན་གྱི་སྦྲེལ་ཟམ”ཞིག་བསྐྲུན་ཡོད།
  གླེང་མོལ་ཐོག་མ་བྱེད་རིང་ལས་གཏོད་ཀྱི་འཐབ་ས་དང་པོ་དང་། སྲིད་གཞུང་སྡེ་ཚན། མ་འཇོག་སྒྲིག་གཞི་བཅས་ནས་ཡོང་བའི་སྐུ་མགྲོན་གསུམ་གྱིས“ལས་གཏོད་ཀྱི་གོ་སྐབས་དང་འགྲན་སློང་། སྲིད་ཇུས་དང་འདེགས་སྐྱོར”ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཡོད། སྐུ་མགྲོན་ཚོས་ལྟ་བ་མི་འདྲ་བ་སྤེལ་རེས་བྱས་པ་དང་ཁོང་ཚོའི་ལྟ་ཚུལ་ཁྱད་པར་ཅན་ལས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོར་སྤུས་ཚད་མཐོ་བའི་བསམ་བློའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་ལ། ལྷ་སའི་གསར་གཏོད་ལས་གཏོད་སྐོར་གྱི་འབྱུང་འགྱུར་གྱི་ལྟ་ཚུལ་གཅིག་མཐུན་དང་བསམ་གཞིག་རྒྱ་ཁྱབ་བྱུང་ཡོད།