མངའ་རིས་སྤུ་ཧྲེང་གནམ་ཐང་ནས་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་ལས་བརྒལ་བ།
སྤེལ་དུས 2025-10-23
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཚེས་20ཉིན་བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV9705མངའ་རིས་སྤུ་ཧྲེང་གནམ་ཐང་དུ་དལ་པོར་བབས་པ་དང་ཆབས་ཅིག འགྲུལ་པ་གོ་གོ་ཡིས་གནམ་ཐང་གི་ལས་དོན་མི་སྣས་ཕུལ་བའི་ཁ་བཏགས་དང་མེ་ཏོག་ཚུར་བླངས་པ་རེད། ཁོ་མོ་ནི་མངའ་རིས་སྤུ་ཧྲེང་གནམ་ཐང་གི་2025ལོའི་འགྲུལ་པ་10000པར་གྱུར་ཞིང་། དེ་ཐོག་ནས་མངའ་རིས་སྤུ་ཧྲེང་གནམ་ཐང་གི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས“སྟོང་ནས་ཁྲི་བར”མཆོང་སྐྱོད་བྱུང་བ་མཚོན་གྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཟླ་12པར་གནམ་གྲུ་ཤར་གཏོང་ཐུབ་ཚུན། མངའ་རིས་སྤུ་ཧྲེང་གནམ་ཐང་གིས་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་ཐོན་ཁུངས་རྒྱུན་ཆད་མེད་པར་བསྡུ་སྒྲིལ་བྱས་ནས། ལག་རྩལ་རྒྱུན་འཛིན་དང་ཉམས་མྱོང་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ། མངའ་རིས་ས་ཁུལ་དུ་མཁའ་དབྱིངས་ཀྱི་བར་ཁྱམས་གསར་པ་བསྐྲུན་ཡོད། རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་དེ་བས་མང་པོས་སྤུ་ཧྲེང་གནམ་ཐང་བརྒྱུད་མངའ་རིས་ལ་འགྲོ་འོང་བྱེད་ཅིང་། ཟླ་10ཚེས་20ཉིན་བར་སྤུ་ཧྲེང་གནམ་ཐང་གིས་རིམ་རྩིས་བརྒྱབ་ན་ལོ་རེར་དུས་གཏན་གནམ་གྲུ་ཐེངས་186འཕུར་འབབ་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར་གཟའ་འཁོར་རེའི་རེས་གཟའ་ལྷག་པའི་སྤུ་ཧྲེང་ནས་ལྷ་ས་བར་གྱི་མཁའ་ལམ་འཁོར་སྐྱོད་བརྟན་པོ་བྱུང་ཡོད།