ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རང་རྒྱལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”བཞི་བདམས་པ།

སྤེལ་དུས 2025-10-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 
 འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལི་ཕིང་རྫོང་ཧྲོང་ཅང་གྲོང་རྡལ་ཧོང་ཀང་གྲོང་ཚོ་ཡིན་པ།
  འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་རྒྱས་ཁ་ཡུལ་གྲོང་ཚོ་ཡིན་པ།
  འདི་ནི་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤིང་ཧྭ་གྲོང་ཁྱེར་ཆན་ཏུའོ་གྲོང་རྡལ་ཏུང་ལུའོ་གྲོང་ཚོ་ཡིན་པ།
  འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ནན་ཞུན་ཆུས་ཧོ་ཧྥུ་གྲོང་རྡལ་ཏི་ཀང་གྲོང་ཚོ་ཡིན་པ།
        ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱིས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་ཞིང་། ཚོགས་འདུའི་ཐོག་2025ལོའི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་རྒྱལ་གྱིས་རེ་ཞུ་བྱས་པའི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལི་ཕིང་རྫོང་ཧྲོང་ཅང་གྲོང་རྡལ་ཧོང་ཀང་གྲོང་ཚོ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་རྒྱས་ཁ་ཡུལ་གྲོང་ཚོ། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤིང་ཧྭ་གྲོང་ཁྱེར་ཆན་ཏུའོ་གྲོང་རྡལ་ཏུང་ལུའོ་གྲོང་ཚོ། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ནན་ཞུན་ཆུས་ཧོ་ཧྥུ་གྲོང་རྡལ་ཏི་ཀང་གྲོང་ཚོ་བཅས་གྲོང་ཚོ་བཞི་བདམས་པ་རེད། མིག་སྔའི་བར་རང་རྒྱལ་ནས་བདམས་པའི་གྲོང་ཚོ་བསྡོམས་19ཟིན་ཡོད།
        སྐབས་འདིར་ཁྱོན་རྒྱལ་ཁབ་29ཡི་གྲོང་ཚོ་52བདམས་པ་དང་། རང་རྒྱལ་ནས་བདམས་པའི་གྲོང་ཚོ་4ལ་རང་བྱུང་ས་བབ་དང་། རིག་གནས་གྲུབ་ཚུལ། འཕེལ་རྒྱས་ཐབས་ལམ་བཅས་ཀྱི་ཐད་སོ་སོའི་ཁྱད་ཆོས་ལྡན་པས། གྲོང་གསེབ་ཡུལ་སྐོར་ཕུན་སུམ་ཚོགས་ཤིང་སྣ་མང་འཕེལ་རྒྱས་ཀྱི་ཐབས་ལམ་མངོན་ཡོད།
        མིག་སྔའི་བར་རྒྱལ་ཁབ་57གྱི་གྲོང་ཚོ་236མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ནང་བདམས་ཡོད།