ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་ཨར་སྐྲུན་འཆར་འགོད་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་བརྒྱབ་པ་དང་མེད་པར་བཟོས་པ།

སྤེལ་དུས 2025-12-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུ་དང〈བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། (གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)དང་། 《གཏན་འབེབས》དེ་2025ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཆེད་དོན་གྱི་གཙང་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཆེད་དོན་གཙང་བཤེར་གྱི“རྗེས་མའི་ལས་དོན”ལེགས་པར་སྒྲུབ་ཆེད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། དཔལ་འབྱོར་རྩ་འཛུགས་སྣ་ཚོགས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ལ་ཞུགས་པའི་འགན་ལེན། ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ཁེ་ལས་ལ་ལྟ་སྟངས་འདྲ་མཉམ་མི་འཛིན་པ་དང་མུ་མཐུད་སྤྱོད་རྒྱུར་མི་འཚམ་པ་སོགས་ཀྱི་གནད་དོན་ཡོད་པའི་ཁྲིམས་སྲོལ་ལ་བཟོ་བཅོས་བརྒྱབ་པའམ་ཡང་ན་མེད་པར་བཟོས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་བཟོ་སྐྲུན་གྱི་འགྲོ་གྲོན་བློ་འདྲི་ཚན་པའི་འོས་ཐོབ་ཞིབ་མཆན་གྱི་གཏན་འབེབས་ཁྲིམས་ལྟར་བསུབ་རྒྱུའི་གཏན་འབེབས་བྱས་པ་དང་། དོན་ཚན་དགུ་པ་དེ‘ཨར་སྐྲུན་བྱེད་སྒོར་ཞུགས་མཁན་གྱི་རྩད་ཞིབ་དང་། ཇུས་འགོད། ཨར་སྐྲུན། ལྟ་ཞིབ་དོ་དམ། འོས་སྐུལ་ལས་ཚབ། ལས་གྲྭའི་སྤུས་ཚད་ཞིབ་དཔྱད་ཚད་ལེན། བཟོ་སྐྲུན་འགྲོ་གྲོན་བློ་འདྲི་སོགས་ཚན་པས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གཙོ་འགན་སྡེ་ཚན་གྱི་ཆ་འཕྲིན་ཅན་གྱི་ལྟ་འདོམས་ལས་སྟེགས་སུ་ཚན་པ་དང་ལས་སྒྲུབ་མི་སྣ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་དགོས”ཞེས་བཟོ་བཅོས་བརྒྱབ་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་ཆད་གཅོད་གཏན་འབེབས་བསུབ་ཡོད།
  ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས“འཆར་མང་གཅིག་སྒྲིལ”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། འཆར་འགོད་བཟོ་བའི་ཁྱབ་ཁོངས་ཀྱི་ཞིབ་མཆན་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་2015ལོ་དང་2019ལོར་སྔ་རྗེས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས་ལ་བཟོ་བཅོས་ཐེངས་གཉིས་བརྒྱབ་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིག》ནང་གཏན་འབེབས་བྱས་པའི་དོ་དམ་བྱེད་ཐབས་ཁག་གཅིག་ལེགས་སྒྲིག་བྱས་ཡོད། མིག་སྔར། རང་ལྗོངས་ཀྱིས་འཆར་འགོད་དོ་དམ་ལག་བསྟར་བྱེད་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས་དང་ས་ཆ་དོ་དམ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆ་གཙོ་བོར་གཞི་འཛིན་ཡོད། སྲོལ་ཡིག་དེ་འཆར་འགོད་དོ་དམ་ལག་ལེན་གྱི་རྗེས་སུ་ལུས་པ་མངོན་གསལ་དོད་པོ་ཡོད་པར་བསམ་གཞིག་བྱས་ནས་མུ་མཐུད་སྤྱོད་རྒྱུར་མི་འཚམ་པས་ཁྲིམས་ལྟར་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད།