རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་མ་འཚོགས་གོང་གི་གཅིག་སྡུད་ལྟ་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།
སྤེལ་དུས 2025-12-11
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འཚོག་ཉེར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་གྲ་སྒྲིག་ཡག་པོ་བྱ་ཆེད། ཚེས་8ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ། ཚོགས་འདུ་མ་འཚོགས་གོང་གཅིག་སྡུད་ལྟ་ཞིབ་བྱས་པ་དང་འབྲེལ། བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ད་ཐེངས་ཀྱི་ཚོགས་འདུ་མ་འཚོགས་གོང་གི་གཅིག་སྡུད་ལྟ་ཞིབ་དང་བཞུགས་མོལ་ཚོགས་འདུ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ལ་ཞུགས་པར་གྲ་སྒྲིག་ཡག་པོ་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད། བབ་ཤེས་སྲིད་རྟོགས་ཀྱིས་འགན་སྒྲུབ་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། གཞི་རིམ་གྱི་འཐབ་ས་དང་པོའི་ས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་ལྗོངས་ཀྱི“དོན་ཆེན་བཞིའི”གྲུབ་འབྲས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ནོར་སྲིད་སྔོན་རྩིས་སོགས་ཐད་ཀྱི་ལག་བསྟར་གནས་ཚུལ། དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་གྲུབ་འབྲས་སོགས་ཕྱོགས་ཡོངས་དང་། ལུགས་མཐུན། དོན་དངོས་བཅས་ཀྱི་སྒོ་ནས་ཤེས་རྟོགས་བྱས་ཏེ། སྙན་སྒྲོན་ཁག་གྲོས་ཞིབ་བྱེད་པར་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་བསགས་ཡོད།