ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2025-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་13པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར། ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བཅས་བྱས་ཁར། མི་དམངས་འཐུས་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་རེད།
  ཡན་ཅིན་ཧའེ་ཡིས་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་ཉེའི་མཚམས་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་གྲབས་ཡོད་པའི་འགག་རྩའི་མཚམས་སུ་འཚོགས་པའི་སྤྱི་ཡོངས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་ཚོགས་འདུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། སྤྱི་ཡོངས་ལ་གཅིག་འདོམས། དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ལོ་གཅིག་རིང་གི་འབད་འཐབ་ཀྱི་བརྒྱུད་རིམ་ལ་ཕྱོགས་སྡོམ་རིམ་པས་གནང་བ་མ་ཟད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་པོ་བསྟན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སང་ལོའི་དཔལ་འབྱོར་ལས་དོན་ལ“མཐའ་འཁྱོངས་བདུན”གྱི་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། སྦྱོང་སྤྱོད་ཟུང་འབྲེལ་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་རྒྱུན་མཐུད་ཤུགས་རྒྱག་པ། ཇི་མ་ཇི་བཞིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། དམ་པ་དོན་གཉེར། བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་དུ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།
  ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་ཞིབ་ཕྲ་ལེན་པའི་ཁྲོད་དུ་བསམ་བློའི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དེའི་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། ལོ་རྒྱུས་ཀྱི་གྲུབ་འབྲས་ཁྲོད་དུ་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། “ངེས་པར་དུ་ལྔའི”ཁྲོད་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་ཇུས་བཀོད་སྒྲིག་ཁྲོད་དུ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ་བཅས་བྱས་ཏེ། ཚོགས་འདུའི་བཀོད་སྒྲིག་དེ་འགན་འཁྲི་ཁྲིམས་ལྟར་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱེད་དགོས། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་མི་དམངས་འཐུས་ཚོགས་ཀྱི་ནུས་པ་མངོན་དགོས།
  ཡན་ཅིན་ཧའེ་ཡིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྐོར་ཞིབ་དག་ཐེར་ལ་གཞོགས་འདེགས་ཧུར་ཐག་བྱེད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ལས་དོན་ཏན་ཏིག་བསྒྲུབས་ནས། སང་ལོའི་མི་དམངས་འཐུས་ཚོགས་ལས་དོན་ལ་འཆར་འགོད་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།