(2026ལོའི་ཟླ་1ཚེས་17ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2026ལོའི་ཟླ་1ཚེས་16ཉིན་དང་ཚེས་17ཉིན་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་27ཞུགས་ཡོད་པ་དང་མི་320ཟུར་ཞུགས་གནང་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་ཀརྨ་ཚེ་བརྟན། དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ཡོད།
ཚང་འཛོམས་གྲོས་ཚོགས་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་ལས་དོན་བཀོད་སྒྲིག་ལྟར་2025ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་དང་2026ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ཅང་ཝུན་ཕེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི《དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འགན་སྲུང་བརྟན་པོ་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བློ་མཐུན་ལི་ཞི་ཡིས་གནང་བའི་ལས་དོན་སྙན་སྒྲོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ལ་དམིགས་ནས་ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བརྟན་པོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་གནང་བ་མ་ཟད། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་ཐུགས་རེ་ཟབ་མོའང་བཅོལ་གནང་ཡོད། གསུང་བཤད་དེ་ནི་གཟིགས་རྒྱང་རིང་བ་དང་། མཁྱེན་རྒྱ་ཡངས་པ། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པ་མ་ཟད། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཆེས་རྩ་བའི་དགོངས་པའི་མཛུབ་ཁྲིད་དང་ཆེས་ནུས་ལྡན་གྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད་ཅེས་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། ཚང་མས། བློ་མཐུན་ལི་ཞི་ཡིས་གནང་བའི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁྱབ་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགག་རྩའི་དུས་སྐབས་སུ་འགན་འཁྲི་དང་ལས་འགན་ལེགས་པར་སྒྲུབ་པར་སྟངས་འཛིན་གནད་འཁེལ་བྱས་ཤིང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁག་ཚན་རིག་དང་མཐུན་པར་ཇུས་འགོད་བཀོད་སྒྲིག་བྱས་པ་དང་། བྱེད་ཐབས་དམ་པ་དོན་གཉེར་དང་བླང་བྱ་ཞིབ་ཅིང་ཕྲ་བ་ཡོད་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། ཚང་མས། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཕྱོཌ་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་བ་དང་། ཞུམ་མེད་ཀྱི་སྙིང་སྟོབས་དང་འབད་འཐབ་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཝང་ཅུན་ཀྲེང་གི་གསུང་བཤད་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཤིང་། ཚང་མས། བློ་མཐུན་ཝང་ཅུན་ཀྲེང་གི་གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཁར། འདས་ཟིན་པའི་ལོ་གཅིག་རིང་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་གཙོ་གནད་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་བའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། ཚང་མས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བློ་བརྟན་འགྱུར་མེད་དང་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་དགོས། དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་དེ་བས་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། 2025ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཞིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བརྟེན་ནས་ཕྱོགས་ཁག་གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཁྲིད་སྟོན་དང་འགན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་བྱས་པ་དང་། དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱས་ཏེ་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགན་ལེན་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང“སྤྱོད་ཚུལ་བཞིའི”གནད་དོན་ངན་རེངས་ལ་ཡོ་བཅོས་མཐའ་གཅིག་ཏུ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མཐུད་བརྟན་དུ་བཏང་ཡོད། ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གནད་སྨིན་ཡོང་བར་འགན་ལེན་བྱས་ཡོད། རུལ་སུངས་ལ་ཆད་གཅོད་དང་ལྐོག་ཟ་རྩ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྱོད་སྒྲུབ་སྤུས་ཚད་དང་། གྲངས་འབོར། གལ་ཆེ་ཆུང་བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ངན་རུལ་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་བརྟན་དུ་བཏང་ཡོད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་མཐའ་གཅིག་ཏུ་བཏང་ཡོད། ཆབ་སྲིད་ཀྱི་སྐོར་གཟིགས་བྱ་ཤུགས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པ་དང་བརྒྱད་པའི་སྐོར་གཟིགས་བྱས་པར་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་གང་ལེགས་ཐོན་ཡོད། སྒྱུར་བཅོས་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་པས། སྒྲིག་བསྟར་ཁྲིམས་སྒྱུར་གྱི་སྤུས་ཚད་ལ་ལྟ་སྐུལ་བྱེད་པའི་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་རྣམ་དག་གི་སློབ་གསོ་སྤེལ་བ། ནང་ཁུལ་དུ་དོ་དམ་ནན་པོ་བྱེད་པ། “སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྱོང་ལོའི་བྱ་སྤྱོད”ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཁྲོད་ལྷག་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་སྒོ་ནས་དབྱེ་ཞིབ་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ལས་འགན་གལ་ཆེན་ཁུར་ཡོད་པ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། རྒྱང་ལམ་གསར་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་འགུལ་ངང་སྤྱི་ཡོངས་དང་མཉམ་འདྲེས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་དམ་ནན་གྱི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་གྱི་འགོ་ཚུགས་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡང་ཡིན་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ད་ལོའི་ལས་དོན་ཡག་པོ་སྒྲུབ་དགོས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་མཐའ་འཁྱོངས་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་སྡེབ་གཅིག་ལ་གཏིང་ཟབ་ཏུ་གཏོང་བ། གྱོད་སྒྲུབ་ཀྱི་སྤུས་ཚད་དང་། གྲངས་འབོར། གལ་ཆེ་ཆུང་བཅས་གལ་ཆེ་མཉམ་འཛིན་གྱི་ལས་ཀའི་ལམ་སྲོལ་ཧུར་ཐག་གཏོད་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཏེ།
གཅིག་ནས“སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་ལྟ་སྐུལ་གཏིང་ཟབ་བྱེད་པ་དང་། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཏང་ཡོན་ལས་བྱེད་པས་གདེང་ཚོད་བརྟན་པོ་དང་། དངོས་སྒྲུབ། འགན་འཁུར་ཕོད་པ། རང་གཅུན་བཅས་ཐུབ་པར་སློབ་གསོ་ཁྲིད་སྟོན་བཅས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་བཏང་སྟེ།“སྲིད་དོན་ལས་རྗེས་སུ་ཡི་ཆེད་དུ་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་ལྟ་སྐུལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཐབ་ཇུས་ལས་འགན་གལ་ཆེན་བཅས་ལ་དམ་པོར་དམིགས་ནས་སྐུལ་འདེད་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི“གང་ལྕོགས”ལ་བརྟེན་ནས་རྒྱལ་ཁབ་ཀྱི“གང་མཁོར”ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་དམིགས་ནས་ལྟ་སྐུལ་གཏིང་ཟབ་བྱེད་པ་དང་། “ཡོད་པ་བདུན”གྱི་གནད་དོན་ལ་དམ་པོར་དམིགས་ཏེ། བསམ་བློའི་ཐད་ཀྱི་རང་མོས་རིང་ལུགས་དང་། ཆབ་སྲིད་ཐད་ཀྱི་སྐབས་འཚོལ་རིང་ལུགས། རྩ་འཛུགས་ཐད་ཀྱི་ཕྱོགས་རིས་རིང་ལུགས། ལས་ཀའི་ཐད་ཀྱི་རང་གཅེས་རིང་ལུགས། འགན་སྒྲུབ་ཐད་ཀྱི་མི་བཟང་རིང་ལུགས་བཅས་ཡོ་བཅོས་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཡོངས་ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སྐུལ་འདེད་གཏོང་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་མི་སྣ་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་སྐབས་བརྗེ་སྲོལ་བཟང་སྤྱོད་བཟང་ཡོང་བར་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་དམིགས་ནས་ལྟ་སྐུལ་གཏིང་ཟབ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་འགན་འཁྲི་སྣང་མེད་དང་ཕན་མེད་གཏོང་བ་དང་གནད་དོན་མང་པོ་ཐོན་པ་དང་ཡང་སེ་ཐོན་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
གཉིས་ནས་སྤྱོད་ཚུལ་ལེགས་གཏོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས། དུས་རྒྱུན་ནས་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་སེ་ཐོན་པའི་གནད་དོན་ལ་དམ་འཛིན་བྱས་ནས་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ཡ་མེད་སྒྲིག་འགལ་གྱི་གནད་དོན་རྙིང་པར་ཞིབ་བཤེར་མགྱོགས་མྱུར་དང་ཐག་གཅོད་ནན་པོ་བྱེད་པ། མངོན་མེད་ཐབས་སྒྱུར་གྱི་འཕེལ་ཕྱོགས་གསར་པར་ཞིབ་བཤེར་ཟབ་མོ་བཅས་བྱས་ནས་དམ་ནན་གྱི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ནས་གཏོང་དགོས། སྙིང་རུས་གཏན་འཁྱོངས་དང་སྲོལ་རྙིང་དོར་ནས་སྲོལ་གསར་བཙུགས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ཟམ་མི་ཆད་པར་ནན་དུ་བཏང་ནས་བཤེར་བཅོས་འབྲེལ་མཐུད་དང་བཅོས་འཛུགས་མཉམ་འཛིན་བྱེད་དགོས།
གསུམ་ནས་རུལ་སུངས་འབྱུང་བའི་ཁོར་ཡུག་དང་རྒྱུ་རྐྱེན་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུར་དམིགས་ནས“རུལ་སུངས་མི་བྱེད་པ་གསུམ”འབྲེལ་མཐུད་མཉམ་འདྲེས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཆད་གཅོད་ཞིབ་བཤེར་ནན་པོ་བྱེད་པ་དང་ཟིལ་གནོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ། ཆབ་སྲིད་ཁོར་ཡུག་གི་སྦགས་བཙོག་འབྱུང་ཁུངས་རྩ་བ་ནས་མེད་པར་བཟོ་བ། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷའི་དུག་རྒྱུན་གྱི་ཆེས་ངན་པའི་ཤུགས་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱེད་དགོས། ལྐོག་རྔན་སྤྲོད་པ་དང་ལེན་པར་མཉམ་དུ་ཞིབ་བཤེར་མཐའ་འཁྱོངས་བྱས་ནས་ཡར་སྔོན་གྱི་རུལ་སུངས་དང་། རུལ་སུངས་གསར་པ། མངོན་མེད་རུལ་སུངས་བཅས་ལ་མཉམ་དུ་བཅོས་སྒྲིག་བྱེད་དགོས། ས་ཁོངས་ཡོངས་ཀྱིས་མཐུན་སྦྱོར་བྱས་ཏེ་ཕྱི་ནང་མཉམ་བཅོས་བྱས་ནས་གནད་དོན་ལ་སྤུས་ཚད་མཐོ་པོས་དབྱེ་ཞིབ་བྱེད་པ་དང་། གྲོས་འགོ་བཟོ་བ། དག་ཐེར་དོན་འཁྱོལ་སོགས་ཀྱི་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རུལ་རྒོལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས། མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་དབང་ཆ་སྤྲོད་པ་དང་། དབང་ཆ་སྤྱོད་པ། དབང་ཆར་ཚོད་འཛིན་བཅས་གཅིག་གྱུར་བྱེད་པ་དང་། ཁ་གསལ་གཏིང་གསལ་དང་ཁུངས་འདེད་ཆོག་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། སྤྱོད་གཙང་གི་རིག་གནས་འཐབ་ས་སྟོབས་ཆེར་བཏང་ནས་སྤྱོད་གཙང་རུལ་འགོག་གི་རྣམ་པ་བཟང་པོ་གཏོད་དགོས།
བཞི་ནས་ཏང་གི་དམངས་བདེ་དམངས་ཕན་སྲིད་ཇུས་ལ་དམིགས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཚུགས་གནས་མཐོ་པོས་སྤྱི་འདོམས་དང་འགན་འཁྲི་ནན་དུ་བཏང་ནས། ཉམས་ཞན་རྫོང་དང་ཉམས་ཞན་ས་ཚིགས་གཅིག་སྡུད་བཅོས་སྒྲིག་ལ་གཞི་གཅིག་ཏུ་དམ་འཛིན་བྱེད་རོགས་དང་ལྟ་སྐུལ་བྱེད་དགོས། གྱོད་སྒྲུབ་འགག་སྒྲོལ་དང་གཙོ་གནད་ཚད་བརྒལ་བྱས་ནས་སྲིད་ཇུས་དོན་འཁྱོལ་བྱེད་རིང་དམངས་ཕན་མ་དངུལ་བཙན་བཟུང་གཞན་སྤྱོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རིང་མང་ཚོགས་ཀྱི་ཁ་གསབ་དངུལ་འཕྲི་འཐེན། སྲིད་འཛིན་ཞིབ་མཆན་འགོད་རིང་བཟའ་འཁྱེར་བཀག་གསུམ་བྱེད་པ་སོགས་ངོ་བོ་ངན་པ་དང་ཤུགས་རྐྱེན་ཆེ་བའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། བཅོས་སྐྱོང་གཏིང་ཟབ་བྱས་ནས་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་ལས་དོན་སྤེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་མཐུད་གཙང་བཤེར་དང་བཅོས་སྒྲིག་བྱེད་དགོས།
ལྔ་ནས་ཕྱོགས་བསྡུས་ལྟ་སྐུལ་གྱི་སྤུས་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ནས་སྐོར་གཟིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་སྐོར་གཟིགས་ལས་དོན་འཆར་འགོད་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱི་སྐོར་ཞིབ་ལས་དོན་ལ་འགོ་ཁྲིད་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་སྐོར་ཞིབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་སྨིན་སྟོན་ཕྱོགས་ལ་བརྟེན་ནས་སྐོར་གཟིགས་ཀྱི་ལྟ་སྐུལ་ནུས་ཕྱོད་ཆེ་རུ་གཏོང་བ་དང་། སྐོར་གཟིགས་ཀྱི་ལྟ་སྐུལ་དང་ལྟ་སྐུལ་གྱི་བྱེད་པོ་སྣ་ཚོགས་དབར་འབྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ། སྐོར་གཟིགས་ལས་དོན་དང་ཆེད་དོན་ཞིབ་བཤེར་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འཐུས་སྒོ་ཚང་བའི་ལམ་སྲོལ་ལ་བརྟེན་ནས་སྐོར་གཟིགས་ཀྱི་གྲུབ་འབྲས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་དག་ཐེར་གྱི་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་ལས་རིགས་དང་སྡེ་ཚན་གྱིས་སྒྱུར་བཅོས་ཟབ་གཏོང་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་མ་གཏོང་བ། དག་ཐེར་བྱེད་ཤུགས་མི་འདང་བ་དང་ཁྲལ་སེལ་སླ་བཅོས་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས།
དྲུག་ནས་ཚད་གཞི་སྔར་བས་མཐོ་བ་དང་བླང་བྱ་སྔར་བས་ནན་པོར་དམིགས་ནས“སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་འཛུགས་སྐྱོང་ལོའི”བྱ་སྤྱོད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ལ་བརྟེན་ནས་ལྷག་བསམ་རྣམ་དག་གི་རང་མདངས་ནམ་ཡང་གནས་པར་བྱས་ཏེ་ཆབ་སྲིད་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། དགོངས་སྐོར་དང་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་དངོས་སྒྲུབ་ཐེག་ཁུར་ལ་ཞུན་བརྡར་སྤྲས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལས་བྱེད་པ་བདམས་སྐྱོང་དང་། དོ་དམ། བཀོལ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ཁར། རིམ་དབྱེ་རིགས་དབྱེའི་སྒོ་ནས་ཚང་མར་གསོ་སྦྱོང་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་འཐབ་རྩོད་ཀྱི་གཏིང་ཤུགས་སྐྱེད་སྲིང་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བཏང་ཁར། དམ་པ་དོན་གཉེར་དང་རང་འགུལ་ངང་ལས་དོན་སྒྲུབ་པའི་སྤྱོད་ཚུལ་བཟང་པོར་བརྟེན་ནས་བྱ་གཞག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་གཙང་ལ་བརྟེན་ནས་གཞུང་དྲང་གི་སྙིང་སྟོབས་གསོ་སྐྱོང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་ཚུགས་ཟིན་པ་དང་། འཇོན་ཐང་ཆེ་བ། རང་ངོས་སྤྱོད་གཙང་བཅས་ཐུབ་པ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།