ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཁྲིམས་ཁང་དུ་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ།

སྤེལ་དུས 2026-03-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

             ཟླ་3ཚེས་17ཉིན། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་མཐོ་འབྲིང་གཉིས་པའི་དགེ་སློབ་ཀྱི་འཐུས་མི་ཁྲིམས་ཁང་དུ་ཁྲིམས་འཛིན་གྱི་དབང་གྲགས་ཚོར་བ་དང་བཅའ་ཁྲིམས་ཀྱི་ཤེས་བྱ་སྦྱོང་བར་གདན་དྲངས་ཏེ། གསོན་ཉམས་དོད་པའི་ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོ་ཞིག་སྤེལ་བ་རེད།


             བྱེད་སྒོ་སྤེལ་བའི་རིང་ལ། དགེ་སློབ་ཚོས་ཐག་ཉེ་ས་ནས་ཁྲིམས་འཛིན་ལས་དོན་གྱི་རྔམ་བརྗིད་བླ་ན་མེད་པ་ཚོར་ལ། བཅའ་ཁྲིམས་འཁོར་སྐྱོད་ལམ་སྲོལ་ཡང་ཐད་ཀར་ཤེས་རྟོགས་བྱུང་ནས། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅིང་། འདི་ནི་སློབ་མའི་འཐུས་མིས་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཚན་རྩལ་ཁྲིམས་རར་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་བཞིན་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།