ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དྲ་ཐོག་ནས་གཡང་ཊིའི་ཕོར་པ་ཚོང་བ།

སྤེལ་དུས 2026-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


པ་སངས་སྒྲོལ་མས་ཐད་གཏོང་བརྒྱུད་རིན་སྤུངས་ཀྱི་གཡང་ཊིའི་ཕོར་པ་ངོ་སྤྲོད་བྱེད་བཞིན་པ།


ཕྱིར་ཚོང་གི་འགན་འཁུར་བ་ཆོས་རྣམ་གྱིས་ཕོར་པ་ཐུམ་སྒྲིལ་རྒྱག་བཞིན་པ།

            བོད་ལྗོངས་རིན་སྤུངས་གཡང་ཊི་བཟོ་ཚོང་ཚད་ཡོད་ཀུང་སིའི་ཕྱིར་ཚོང་ཁང་དུ་ཚོང་པ་པ་སངས་སྒྲོལ་མས་དྲ་ཐོག་ནས་འཛད་སྤྱོད་པར་གཡང་ཊིའི་ཕོར་པ་ངོ་སྤྲོད་བྱེད་སྐབས། གཡང་ཊིའི་ཕོར་པའི་སྤུས་ཚད་གང་འདྲ་ཡོད་མིན་སྐད་ཆ་འདྲི་མཁན་མང་པོ་ཡོད་པ་དང་ཁོང་གིས་ཕོར་པ་ཆེ་ཆུང་ངོ་སྤྲོད་བྱེད་པ་དང་ཆབས་ཅིག་ཕོར་པ་བཟོ་མཁན་གྱི་གཏམ་རྒྱུད་ཀྱང་བརྗོད་ཀྱི་ཡོད། འཁྲིས་སུ་ཡོད་པའི་ཕྱིར་ཚོང་གི་འགན་འཁུར་བ་ཆོས་རྣམ་གྱིས་ཕོར་པ་ཐུམ་སྒྲིལ་བརྒྱབ་ནས་ཤོག་སྒམ་ནང་བླུགས་ཏེ་འཛད་སྤྱོད་པར་སྐུར་རྩིས་བྱེད་བཞིན་ཡོད་པ་རེད།


རྩོམ་སྒྲིག་པ།  རིག་གྲོལ།