
ཤིང་སྡོང་འཛུགས་བཞིན་པ།
ཡར་ཀླུང་གཙང་པོའི་འགྲམ་དུ་དཔྱིད་རླུང་ལྡང་ནས་ས་གཞི་ཀུན་ཏུ་སྔོ་མདངས་རྒྱས་འགོ་ཚུགས། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་2026ལོའི་དཔྱིད་དུས་ཀྱི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་རྫོང་དེའི་གཙང་འགྲམ་ལམ་ཆེན་གྱི་ཡར་ཀླུང་གཙང་འགྲམ་དུ་འགོ་ཚུགས་པ་རེད། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས། དང་བླངས་པ་བཅས་མི་740ལྷག་ཙམ་གྱིས་ཐང་ཤིང་དང་སྦྱར་པ་སོགས་ཀྱི་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་1.1བཏབ་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ས་མཐོར་ལྗོན་ཤིང་བཙུགས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།