ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

འཛམ་གླིང་འཁྱགས་རོམ་ཉིན་མོར་འབྲོང་ཁྱུ་འཁྱགས་རོམ་འགྲམ་ནས་སྐྱོད་པ།

སྤེལ་དུས 2026-03-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།


འབྲོང་ཁྱུ་རྩང་སེར་གངས་རིའི་འཁྱགས་རོམ་འགྲམ་ནས་སྐྱོད་བཞིན་པ།

             ཟླ་3ཚེས་21ཉིན་ནི་འཛམ་གླིང་གི་འཁྱགས་རོམ་ཉིན་མོ་ཡིན། སའི་གོ་ལའི་འཕྲེད་ཐིག་གི་ཏུའུ་གྲངས་དམའ་འབྲིང་ཁུལ་གྱི་འཁྱགས་རོམ་ཁེབས་རྒྱ་ཆེ་ཤོས་གནས་སའི་མཚོ་བོད་ས་མཐོར་བཟོ་ལྟ་མི་གཅིག་པའི་འཁྱགས་རོམ་མང་པོ་ཆགས་ནས་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་སུ་གྱུར་ཡོད།

             རྩང་སེར་གངས་རིའི་འཁྱགས་རོམ་དེ་བོད་རང་སྐྱོང་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆགས་ལ། མིའི་རིགས་ཀྱི་འགྲོ་འོང་ཁུལ་དང་ཐག་རིང་པོ་ཡོད། ཟླ་བ་གསུམ་པའི་ཟླ་དཀྱིལ་དུ་དེ་གར་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཟིན་ཞིང་། ཉེ་ལམ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་ས་ཁུལ་དོ་དམ་ཅུས་མཚོ་ལྷོ་མུ་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་ཆེད་ལས་ལྟ་སྲུང་རུ་མིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྐོར་གཡེང་བྱེད་སྐབས་འབྲོང་མགོ་གྲངས་བརྒྱ་ལྷག་ཙམ་མཐོང་ཡོད།

རྩོམ་སྒྲིག་པ། རིག་གྲོལ།