ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་འགོ་ཚུགས་པ།

སྤེལ་དུས 2026-04-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


             ཟླ་4ཚེས་3ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་དངོས་སུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་སྐབས“མི་ཡུལ་གྱི་སྐྱིད་ཚལ། བདེ་སྐྱིད་ལྡན་པའི་ཉིང་ཁྲི”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གླུ་གར་དང་། རོལ་དབྱངས། འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་འཁྲབ་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་མཉམ་བསྲེས་ཀྱིས་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་མཛེས་པ་དང་། མི་ཆོས་རིག་གནས་ཀྱི་ཉམས་འགྱུར། འཕེལ་རྒྱས་ཀྱི་རྣམ་པ་གཟབ་རྒྱས་ཕྱོགས་ཡོངས་ནས་མངོན་པར་བྱས་ཐོག རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། མི་རིགས་མཐུན་སྒྲིལ། འབད་འབུངས་མདུན་སྐྱོད་བཅས་ཀྱི་དཔྱིད་ཀྱི་རོལ་དབྱངས་དཀྲོལ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་འགོ་ཚུགས་མཛད་སྒོརབདེ་སྐྱིད་ལྡན་པའི་ཉིང་ཁྲིར་ལྷན་དུ་འཛོམསཞེས་པ་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ། རིག་གྲོལ།