ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་མཚོ་སྣ་གྲོང་ཁྱེར་ལ་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཁྲི་5000རག་རེ་འདུག

སྤེལ་དུས 2026-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

               ཉེ་དུས། ནོར་སྲིད་པུའུ་དཔལ་འབྱོར་འཛུགས་སྐྲུན་སི་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་པུའུ་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་སིས་2026ལོའི་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལས་དོན་གྱི་འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། རྫོང་དང་གྲོང་ཁྱེར། ཆུས་བཅས་ཉི་ཤུ་རྩ་ལྔ། 2026ལོའི་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལས་དོན་གྱི་རྒྱབ་སྐྱོར་བྱ་ཡུལ་ཁྱབ་ཁོངས་སུ་འཇུག་རྒྱུའི་གཏན་འཁེལ་བྱ་རྩིས་ཡོད་པ་དང་། དེའི་ནང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་མཚོ་སྣ་གྲོང་ཁྱེར་ཚུད་ཡོད།

              ད་ལོའི་ཟླ་བ་2པར། ནོར་སྲིད་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོབ་ཁུལ་འཛུགས་རྒྱུའི་བརྡ་ཐོ་ཡོངས་བསྒྲགས་བྱས་པ་དང། བརྡ་ཐོའི་ནང་། དུས་བཀག་སྔོན་མའི་སྲོལ་རྒྱུན་གྲོང་ཚོའི་གཅིག་སྡུད་ཡུག་སྦྲེལ་གྱི་སྲུང་སྐྱོབ་བེད་སྤྱོད་ཕན་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། ཀྲུང་དབྱང་གི་མཛུབ་སྟོན་སྔར་བས་ཤུགས་ཆེར་གཏོང་བ། ཞིང་ལྗོངས་བརྒལ་བའི་གཅིག་འགྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་བཏོན་པ་དང་། 2026ལོ་ནས་2028ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ཏེ་རྨང་གཞིའི་ཆ་རྐྱེན་ལེགས་པ་དང་། དགེ་མཚན་ཆེ་བ། ཁྱད་ཆོས་འབུར་དུ་ཐོན་པའི་རྫོང་དང་གྲོང་ཁྱེར་དང་ཆུས། ཆི་བཅས་ཀྱིས་དེ་མཚུངས་བརྗོད་དོན་གྱི་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་ཕུལ་དུ་བྱུང་བའི་རྒྱལ་ཁབ་རིམ་པའི་རིག་གནས་མིང་བྱང་ཁག་ཅིག་གཏོད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག ཞིང་ལས་དཔལ་ཡོན་ནང་དུ་རྩ་ལག་རྒྱས་པའི་ཀྲུང་ཧྭའི་ཤེས་དཔལ་མི་ཉམས་གོང་འཕེལ་ཐུབ་པ་བྱ་རྒྱུ་རེད་ཅེས་བསྟན་ཡོད།

              བརྡ་ཐོའི་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་བདམས་ཐོན་བྱུང་བའི་རྫོང་ལ་དངུལ་གྲངས་གཏན་འཁེལ་གྱི་ཁ་གསབ་མ་དངུལ་སྤྲོད་དགོས་པ་དང་། རྫོང་རེའི་ཁ་གསབ་མ་དངུལ་གྱི་ཚད་གཞི་དེ་སྒོར་ཁྲི་5000ཡིན་ཞིང་། ལོ་གཉིས་ལ་དབྱེ་ནས་གཤམ་སྤྲོད་བྱ་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། རིག་གྲོལ།