ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན་གྱི་དགོང་མོར། “ངའི་བོད་སྐྱོར་གྱི་གཏམ་རྒྱུད”ཅེས་པའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་རུ་འཚོགས་ཤིང་། ལང་ཚོ་དང་འགན་འཁྲི་ཡིས་གྲུབ་པའི་བོད་སྐྱོར་གཏམ་རྒྱུད་རེ་རེ་ཡིས་ཡུལ་དངོས་ཀྱི་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག
ཚེས23ཉིན། སི་ཁྲོན་ཞིང་ཆེན་གྱི་ཐོན་ལས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་ནས་ཡིན་པའི་ཕུལ་བྱུང་གི་བོད་རོགས་སྐྱོར་ལས་བྱེད་པ14ཁྲེང་ཏུའུ་ནས་འགོ་བརྩམ་སྟེ། རང་རང་གི་གཏམ་རྒྱུད་བསྣམས་ནས་སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་གྱི་རྫོང་དང་གྲོང་ཁྱེར12སུ་སྐྱོད་པ་དང་། ཉམས་མྱོང་སྤེལ་རེས་དང་གཏམ་རྒྱུད་མཉམ་སྤྱོད་བྱས་པ་བརྒྱུད། སི་ཁྲོན་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་བྱེད་རྒྱུ་རེད།
“ངའི་བོད་སྐྱོར་གྱི་གཏམ་རྒྱུད”ཅེས་པའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
“ངའི་བོད་སྐྱོར་གྱི་གཏམ་རྒྱུད”ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་ནི་སི་ཁྲོན་ཞིང་ཨུད་བོད་འབྲེལ་གཞུང་དོན་ཁང་གིས་ཞིང་ཨུད་རྩ་འཛུགས་པུའུ་དང་། ཞིང་ཨུད་དྲིལ་བསྒྲགས་པུའུ། ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་མཉམ་དུ་གཙོ་གཉེར་བྱས་ཤིང་། སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཕུར་བུ་དོན་གྲུབ། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཡན་ཀྲེན། ཧྲེང་ཀྲང་གཞོན་པ་ཧུའུ་ཡུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཧོ་ཕིན་སོགས་དྲིལ་བསྒྲགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས།
སི་ཁྲོན་ཞིང་ཨུད་བོད་འབྲེལ་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཀྲང་ཏེ་ཧྥ་ཡིས་ཁྱབ་བསྒྲགས་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ལས་མངོན་པ་ལྟར་ན། སི་ཁྲོན་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན། ཞིང་ཆེན་ཡོངས་ནས་ཁག7ལ་བགོས་ནས་ཁྱོན་ལས་བྱེད་པ་དང་ཤེས་ལྡན་པ5900ལྷག་ཙམ་བོད་སྐྱོར་གྱི་བྱ་གཞག་སྒྲུབ་པར་མངགས་པ་དང་། ཁོ་ཚོས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་ལ་བརྟེན་ནས་མི་སེམས་འགུལ་པའི་གཏམ་རྒྱུད་བརྩམས་ཤིང་། ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་སྐྱེད་སྲིང་དང་། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་འཚར་ལོངས་ཡོང་བ། དཀའ་ཚེགས་ཆེ་བའི་ས་ཁུལ་ནས་འདེམས་སྒྲུག་བཅས་བྱེད་པར་ཁྲིད་སྟོན་ཡང་དག་པ་བཟོས་ཡོད།
འགོ་ཚུགས་མཛད་སྒོའི་སྟེང་། ལུའུ་ཀྲོའུ་གྲོང་ཁྱེར་ནས་ཡིན་པའི་ལུའུ་ཀྲོའུ་ལའོ་ཅའོ་ཀུང་སིའི་ལས་མི་ཀྲང་ཝུན་ཕིང་གིས་རང་ཉིད་ཀྱིས་ཁྱུང་མཆུ་རྫོང་གི་དེང་རབས་ཅན་གྱི་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བར་རོགས་རམ་བྱེད་པའི་བསམ་ཚུལ་བརྗོད་པ་དང་། སུའེ་ཉིང་གྲོང་ཁྱེར་ནས་ཡིན་པའི་ཝང་ཡན་གྱིས་ཁོང་དང་ཁྱོ་ག ཕྲུ་གུ་གཉིས་བཅས་མཉམ་དུ་སུའེ་ཉིང་ནས་ལི་རྫོང་དུ་ཡོང་སྟེ། ལོ་མང་རིང“ཁྱིམ་ཚང་གང་བོས་བོད་སྐྱོར”བྱེད་པའི་གཏམ་རྒྱུད་བརྗོད་པ་དང་། མེན་དབྱང་གྲོང་ཁྱེར་ནས་ཡིན་པའི་དགེ་རྒན་ཀུང་ཞན་ཡན་གྱིས་འཛམ་ཐང་རྫོང་དུ་ལོ9རིང་འབད་འཐབ་བྱས་ཏེ། བོད་རིགས་ཕྲུ་གུ་ཚོ་དང་དགེ་སློབ་དབར་དུ་མཛའ་བརྩེ་ཟབ་མོ་ཆགས་པའི་མྱོང་ཚོར་དེ་བརྗོད་པ་རེད། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ནས་ཡིན་པའི་སྨན་པ་ཡོན་ལི་ཡིས་རང་ཉིད་ཀྱིས་སི་ཁྲོན་གྱི་ས་བབ་ཆེས་མཐོ་ཤོས་ཀྱི་སེར་ཤུལ་རྫོང་དུ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཅིང་། སྨན་བཅོས་ཀྱི་ལས་གནས་བརྟན་སྲུང་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་པར་བདེ་ཐང་འགན་སྲུང་བྱས་པའི་མྱོང་ཚོར་དག་བརྗོད།
དྲན་རྟེན་མཉམ་པར།
དེ་རྗེས། དྲིལ་བསྒྲགས་བྱེད་སྒོར་ཞུགས་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་མི14ཡིས་དམ་བཅའ་བཞག་པ་དང་། སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲེན་ཆོན་གྱིས་དྲིལ་བསྒྲགས་རུ་ཁག་ལ་དར་ཆ་སྤྲད་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། ཟླ2པའི་ཚེས23ཉིན་ནས་ཟླ3པའི་ཚེས5ཉིན་བར། ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་མི14དྲིལ་བསྒྲགས་རུ་ཁག་ཆུང་གྲས2སུ་བགོས་ནས། སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་གྱི་རྫོང་དང་གྲོང་ཁྱེར12སུ“ངའི་བོད་སྐྱོར་གཏམ་རྒྱུད”ཅེས་པའི་སྐོར་སྐྱོད་དྲིལ་བསྒྲགས་བྱས་ཏེ། གསོན་ཉམས་ལྡན་པའི“གཏམ་རྒྱུད་བརྗོད་པའི”བྱ་ཐབས་བརྒྱུད་ནས། བོད་སྐྱོར་གྱི་གཏམ་རྒྱུད་དང་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་རྒྱུ་རེད།
སི་ཁྲོན་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། སི་ཁྲོན་དུ་བཅའ་སྡོད་ཀྲེ་ཅང་ཞིང་ཆེན་ལས་དོན་ཚོགས་ཆུང་གི་འཐུས་མི། སི་ཁྲོན་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱི་འགན་འཁུར་གྲོང་ཁྱེར9དང་། བོད་འབྲེལ་ས་ཁུལ་གྱི་རོགས་སྐྱོར་ལས་འགན་འཁུར་བའི་སི་ཁྲོན་དུ་ཡོད་པའི་ཀྲུང་དབྱང་ཐད་གཏོགས་རྒྱལ་ཁབ་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་འཐུས་མི། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི་ཁ་གཏད་དམངས་གཉེར་ཁེ་ལས་ཀྱི་འཐུས་མི། དེ་བཞིན་བོད་སྐྱོར་ལས་བྱེད་པ་དང་སྒྲོག་སྤེལ་པ། དེའི་ཁྱིམ་མི། སློབ་མའི་འཐུས་མི། སྨན་བཅོས་རུ་མི་མི300ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།