ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། “ངའི་བོད་སྐྱོར་གཏམ་རྒྱུད”ཅེས་པའི་བོད་འབྲེལ་ཁུལ་རྫོང་དུ་བསྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་སྤེལ།
ཡིག་གཟུགས་མཁས་པས་རྒྱ་བོད་ཡིག་གི་ལམ་ནས“སེ་འབྲུ་འབྲུ་གུ་ཐོགས། ཞེ་མཐུན་ཡར་རྒྱས་ཡོང”ཞེས་པའི་ཡིག་གཟུགས་འབྲི་བཞིན་པ།
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཡིག་གཟུགས་འགྲེམས་སྟོན་བྱེད་བཞིན་པ།
སྡེ་དགེ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་སྣེ་རུ་གནས་ཡོད། ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་། གླིང་རྗེ་གེ་སར་རྒྱལ་པོའི་ཕ་ས། ཟུར་ལུགས་ཀྱི་འབྱུང་ཁུངས་བཅས་ཡིན་པར་མ་ཟད། བོད་ཀྱི་པར་ཁང་ཆེན་མོ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དེ་ཡང་འདིར་གནས་ཡོད། མདོར་ན་གནའ་སྔ་རབས་ནས་ད་ལྟའི་བར་དུ་གནས་མཆོག་འདི་ནས་སྐྱེས་ཆེན་དམ་པ་དང་མཁས་པའི་དབང་པོ་མང་པོ་ཞིག་འཁྲུངས་མྱོང་ཞིང་། ལོ་རྒྱུས་དང་རིག་གནས་ཡུན་རིང་ལྡན་པས། རྒྱལ་ཕྱི་ནང་དུ་སྐད་གྲགས་ཤིན་ཏུ་ཆེ། ད་ཆ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ས་གནས་འདི་གའི་མི་རིགས་ཁག་བར་སེ་འབྲུ་བཞིན་དམ་དུ་སྦྲེལ་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
སྒྲོག་འགྲེལ་གྱི་ཡུལ་དངོས།
བོད་སྐྱོར་ལས་བྱེད་པ་ཁག་ཅིག་གིས་ཕ་ཡུལ་དང་ཡུན་རིང་ཁ་བྲལ་ནས། སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཏེ་གངས་ལྗོངས་མཐོ་སྒང་དང་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཏུ་བྱམས་སེམས་དང་བློ་གྲོས་གཅིག་ཏུ་བསྡུས་ནས་སྨན་བཅོས་རོགས་སྐྱོར་དང་སློབ་གསོའི་རོགས་སྐྱོར། ཐོན་ལས་དར་རྒྱས་སོགས་ཀྱི་ཐད་ཁོང་ཚོའི་དཀའ་སྤྱད་འབད་བརྩོན་གྱི་རྐང་རྗེས་དང་རྔུལ་ཆུ་བཞག་ཡོད།
སྡེ་དགེ་རྫོང་ཨུད་ཀྱི་རྒྱུན་ཨུད་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚེ་རིང་སྒྲོལ་དཀར་གྱིས“ངའི་བོད་སྐྱོར་གཏམ་རྒྱུད”ཅེས་པའི་སྡེ་དགེ་ས་ཚིགས་ཀྱི་སྒྲོག་འགྲེལ་ལ་ཉན་རྗེས། བོད་སྐྱོར་ལས་བྱེད་པ་བདུན་གྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་བོད་སྐྱོར་སྙིང་སྟོབས་ཀྱི་དུས་རབས་ཀྱི་ནང་དོན་གསལ་བཤད་བྱས་ཡོད། སྡེ་དགེའི་བུ་དང་བུ་མོ་ཡིས་རྒྱལ་ཁབ་དཔེ་སྐྲུན་ཚོགས་པ་དང་། ཁྲེང་ཏུའུ་ཀའོ་ཤིན་ཆུས། ཅན་དབྱང་གྲོང་ཁྱེར། ཀྲེ་ཅང་ཧང་ཀྲོའུ་ཧྥུ་དབྱང་ཆུས་བཅས་ཀྱི་རོགས་སྐྱོར་ཐོན་ཁུངས་དང་རོགས་སྐྱོར་ལས་སྟེགས་ལ་གཅེས་སྤྲས་བྱས་ནས། བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་སྡེ་དགའི་འཕེལ་རྒྱས་ཀྱི་འཆར་འགོད་མཉམ་དུ་འབྲི་ངེས་ཡིན”ཞེས་བཤད།
སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ལྔ་གཅིག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཕུན་ཚོགས་ཀྱིས“དེ་རིང་སྒྲོག་འགྲེལ་ཚོགས་འདུ་འདིར་ཞུགས་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། གང་ལགས་ཤེ་ན། ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་མང་པོ་ཞིག་སྡེ་དགེ་རུ་ཕེབས་ནས་ཁོང་ཚོའི་བོད་སྐྱོར་གཏམ་རྒྱུད་བརྗོད་ཞིང་། སྔོན་ཆད་ཁོང་ཚོས་ང་ཚོའི་རྫོང་ཐོག་གི་ཆུ་དང་། ལམ། ཁང་པ། འཚོ་བ་བཅས་ཀྱི་ཐད་ནས་རོགས་རམ་ཧ་ཅང་ཆེན་པོ་བྱས་ཡོད་པས། ང་རང་མང་ཚོགས་ཤིག་ཡིན་པའི་ངོས་ནས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། བོད་སྐྱོར་སྟོབས་ཤུགས་ཀྱིས་མུ་མཐུད་རོགས་རམ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བའི་འོག ང་ཚོའི་རྫོང་གི་གྲོང་གསེབ་དར་རྒྱས་ལས་དོན་ལ་གྲུབ་འབྲས་དེ་བས་ཕུལ་དུ་བྱུང་བ་ཐོབ་ངེས་པའི་ཡིད་ཆེས་དང་ཆོད་སེམས་ཡོད། མཇུག་མཐར། ང་ཚོའི་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་། མི་དམངས་བདེ་ཞིང་སྐྱིད་པ། ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཞུ”ཞེས་བཤད།
སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།