ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་ནུབ་ཀྱིས་སོན་བཟང་ཏུན8000ལྷག་གསོག་ཉར་བྱས་ཏེ་དཔྱིད་འདེབས་ལ་གྲ་སྒྲིག་བྱས་པ།

སྤེལ་དུས 2026-03-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རིག་ལྡན་རྒྱ་མཚོས་བསྒྱུར།

             “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་རྩོམ་པའི་ལོར། ཞིང་ལས་ཐོན་སྐྱེད་ཀྱི་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་པ་དང་། འབྲུ་སྣུམ་ཐོན་ཚད་གཏན་འཇགས་དང་ཐོན་སྐྱེད་འཕར་སྣོན་དམིགས་འབེན་མངོན་འགྱུར་བྱ་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྔོན་ལ་འཆར་འགོད་དང་། སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། ཁྱོན་ཡོངས་ནས་ས་བོན་དང་། ལུད་རྫས། ཞིང་ལས་སྨན་རྫས་སོགས་ཞིང་ལས་དངོས་རྫས་སྡེབ་སྒྲིག་དང་གསོག་ཉར་བྱ་བ་སྤེལ། ཟླ3པའི་ཚེས16ཉིན་བར། རིགས་སོ་སོའི་ས་བོན་ཏུན8106.32དང་། ལུད་རྫས་ཏུན15111.25 ཞིང་ལས་སྨན་རྫས་ཏུན17.78གསོག་ཉར་བྱས་ཤིང་། དཔྱིད་འདེབས་དངོས་རྫས་གསོག་ཉར་འདང་ངེས་གནད་དུ་ཐིངས་པར་བྱས།

             ས་ཁོད་ཡངས་ཤིང་ཞིང་ལས་དངོས་རྫས་སྐྱེལ་འདྲེན་ཚངས་ཕྱེད་རིང་བའི་དོན་དངོས་ལ་དམིགས་ནས། མཚོ་ནུབ་ཁུལ་གྱི་ས་གནས་སོ་སོས་སྔོན་ལ་དགོས་མཁོར་བལྟ་བ་དང་། གསོག་ཉར་སྡེབ་སྒྲིག་ལ་ཤུགས་སྣོན། ས་ཁོངས་མཐུན་སྦྱོར་ཤར་གཏོང་ཡོང་བར་བྱས། དུས་མཚུངས་སུ། དཔྱིད་དུས་ཞིང་ལས་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་བ་སྤེལ་བ་དང་། གཟབ་ནན་སྒོས་དངོས་པོ་རྫུན་མ་བཟོ་བ། རིན་གོང་གང་འདོད་དུ་འཕར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྒོལ་རྡུང་བཏང་ནས། ཞིང་བའི་ཕན་ཁེ་སྲུང་སྐྱོང་བྱས། སྔོན་ལ་ཞིང་ལས་འཕྲུལ་ཆས་ཞིག་གསོ་བྱེད་པ་དང་། ཤང་ཁོངས་བརྒལ་བའི་ཞིང་ལས་འཕྲུལ་ཆས་ལས་གཉེར་སྡེབ་སྒྲིག་ཇེ་ལེགས་སུ་བཏང་ནས། ཞིང་ལས་འཕྲུལ་ཆས་ལས་ཀའི་ཕན་འབྲས་མཐོར་འདེགས་སུ་བཏང་།གནས་ཚད་གཏན་ཁེལ་མཁོ་འདོན་དང་། སྒོ་འགྲམ་དུ་སྡེབ་སྐྱེལ་སོགས་ཀྱི་ཞབས་ཞུ་བྱས་ཏེ། མཐའ་ཁུལ་ཤང་དང་གྲོང་རྡལ། འབྲོག་ཁུལ་དུ་ཞིང་ལས་དངོས་རྫས་སྐྱེལ་བ་ཤར་གཏོང་བྱས།

             མཚོ་ནུབ་ཁུལ་གྱིས་ཤུགས་ཆེན་པོས་མཐོ་སྒང་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་བ་དང་། ཁྱད་ལྡན་འདེབས་འཛུགས་གསོ་སྐྱོང་། རྒྱུད་བཟང་རྟེན་གཞི་འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། མཁོ་འདོན་དང་འདེབས་འཛུགས་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་བཏང་། སྔོན་གྲོ་དང་ནས་སོགས་འདེབས་དངོས་གཙོ་བོ། དེ་མིན་སྤུས་ལེགས་གཟན་རྩྭ། ཁྱད་ལྡན་དཔལ་འབྱོར་འདེབས་དངོས་རྒྱ་ཁྱོན་གཅིག་གྱུར་སྐུལ་འདེད་བཏང་ནས། འདེབས་འཛུགས་སྤུས་ཚད་འགག་སྒོ་གཟབ་ནན་དུ་གཏོང་བ་དང་། དཔྱིད་འདེབས་རྨོ་འདེབས་མགོ་རྩོམ་སྐབས་ཀྱི་འབྲུ་རིགས་ལོ་ལེགས་རྨང་གཞི་སྲ་བརྟན་དུ་བཏང་། ཞིང་ལས་ལག་རྩལ་མི་སྣའི་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྣང་ཞིང་བར་དུ་ལག་རྩལ་མཛུབ་སྟོན་བྱས། རྨོ་ཞིང་སྤུས་ཚད་དང་ཐོན་སྐྱེད་ཕན་ཁེ་མཐོར་འདེགས་སུ་བཏང་། དཔྱིད་དུས་རྣང་ཞིང་དོ་དམ་དང་། ཆུ་གྲོན་ཆུང་ངང་ཆུ་གཏོང་བ། གནོད་འགོག་གནོད་སེལ། ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་སོགས་ནང་དོན་ཐད་གནད་ཁེལ་ཅན་གྱི་ལག་རྩལ་ཞབས་ཞུ་དང་དམ་དུ་འབྲེལ་ནས། ཤུགས་ཆེན་པོས་ཐན་འགོག་ནུས་པ་མཐོ་བའི་སྤུས་ལེགས་རྒྱུད་བཟང་དང་། ས་འཇལ་ལུད་འཇོག སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་སོགས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་། 

རྩོམ་སྒྲིག་པ། རིག་གྲོལ།