ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

“མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཚོང་ར་མུ་མཐུད་དུ་རྒྱ་བསྐྱེད་པ།

སྤེལ་དུས 2026-03-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རིག་ལྡན་རྒྱ་མཚོས་བསྒྱུར།
             ཟླ3པའི་ཚེས16ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཁྲལ་བསྡུའི་གཞི་གྲངས་ལས་མངོན་པ་ལྟར་ན། གློག་རྡུལ་ཚོང་དོན་སྟེགས་བུ་དང་། ཁྱད་ལྡན་འགྲེམ་ཁང་། ལུས་རྩལ་འགྲན་བསྡུར་ལས་དོན་སོགས་རྒྱུ་མང་ཐབས་ལམ་ལ་བརྟེན་ནས། རང་ཞིང་གིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས“ཕྱིར་འགྲོ་བའི”གོམ་སྟབས་མངོན་གསལ་སྒོས་ཇེ་མགྱོགས་སུ་སོང་བ་དང་། རྒྱལ་ཁབ་ནང་ཁུལ་དང་རྒྱལ་སྤྱིའི་ཚོང་ར་གཉིས་རྒྱ་བསྐྱེད་པའི་ཕན་འབྲས་མངོན་གསལ་ཡིན། 
             ལོ་སྔོན་མའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱུག་ཟོག་གསོ་སྤེལ་དང་། ཆུ་ཐོན་གསོ་སྤེལ། སྔོ་ཚོད་འདེབས་འཛུགས་སོགས་རྨང་གཞིའི་ཐོན་ལས་ཀྱི་འཛིན་འབྲིའི་ཕྱིར་འཚོང་ཡོང་སྒོ་དུས་མཉམ་ལས18.7%འཕར་བ་དང་། དེའི་ཁྲོད་ཞིང་ཆེན་ཕྱིའི་ཕྱིར་འཚོང་འཛིན་འབྲིའི་དངུལ་འབོར་དུས་མཉམ་ལས25.6%འཕར། ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་སྔར་ལས་དམ་ཟབ་ཡིན། ཞིང་ཞོར་ཟས་རིགས་ལས་སྣོན་བཟོ་ལས་ཀྱི་ཞིང་ཆེན་ཕྱིའི་འཛིན་འབྲི་ཕྱིར་འཚོང་ཡོང་སྒོའི་བསྡུར་ཚད71.5%ལ་སླེབས་པ་དང་། ཞིང་ཆེན་ཕྱིའི་ཚོང་རའི་བཟུང་ཚད་མཐོར་འདེགས་སུ་སོང་། སྲོལ་རྒྱུན་ཁྱད་ལྡན་ཐོན་རྫས་མུ་མཐུད་དུ་ཤུགས་བརྒྱབ་པ་དང་། དབྱར་རྩྭ་དགུན་འབུ་དང་། བོད་ལུག་ས་གདན་སོགས་སྲོལ་རྒྱུན་མཐོ་སྒང་ཁྱད་ལྡན་ཐོན་རྫས་ཀྱི་ཞིང་ཆེན་ཕྱིའི་འཛིན་འབྲིའི་ཕྱིར་འཚོང་དངུལ་འབོར་དུས་མཉམ་ལས་སོ་སོར་ལྡབ1.4དང་13.7%ཡིན་ལ། འཁྱགས་ཚོད་དང་དུང་ཙུན་ཉ་སོགས་དགེ་མཚན་ལྡན་པའི་ཐོན་རྫས་ཀྱི་ཞིང་ཆེན་ཕྱིའི་ཕྱིར་བཙོང་དངུལ་འབོར་མགྱོགས་མྱུར་ངང་འཕར་བ་དང་། དུས་མཉམ་ལས་སོ་སོར56.1%དང་ལྡབ1.8འཕར་ཏེ། ཕྱིར་འཚོང་འཕར་སྣོན་སྣེ་ཁྲིད་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར། 
             རྒྱལ་སྤྱིའི་ཚོང་རའི་ཐད། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་མུ་མཐུད་ནས་རྒྱ་བསྐྱེད་པ་དང་། ལོ་སྔོན་མར་ཕྱིར་གཏོང་ཚོང་ར་དེ་རྒྱལ་ཁབ་དང་ས་གནས54རུ་རྒྱ་བསྐྱེད་པ་དང་། ཐོན་རྫས59ལ་ཞང་ཀང་སྤུས་ལེགས་ངེས་ལེན་ཐོབ། འཁྱགས་ཚོད་ཀྱི་ལོ་ཧྲིལ་བོའི་ཕྱིར་གཏོང་ཏུན་ཁྲི1.1ཡིན་པ་དང་། དུས་མཉམ་ལས་ལྡབ3.6འཕར། ཕྱིར་གཏོང་རིགས་སྣ36ལ་སླེབས། ལི་ཏུའུ་སིར་པན་གྱིས་ཆེས་ཐོག་མར་ཨུ་རུ་སིར་ཕྱིར་གཏོང་བྱས་པ་དང་། མཚོ་སྔོན་གྱི་ཞོག་ཁོག་གིས་ཨེ་ཤ་ཡ་དབུས་མའི་ཚོང་རར་བསྐྱོད། མཚོ་སྔོན་གྱི་ལི་གྲོའི་ས་བོན་གྱིས་ཀྱང་ཕྱིར་གཏོང་མངོན་འགྱུར་བྱུང་། ཧོང་ཙུན་ཉ་ཕྱིར་གཏོང་ཁེ་ལས་ལས་སྒྲུབ་ཁྲལ་སྤྲོད་དེ2024ལོའི་ལྡབ1.9འཕར་བ་དང་། མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱིས་སྤུས་ལེགས་སྐྱེ་ཁམས་ཀྱི་རྟགས་ཀྱིས་འཛམ་གླིང་གི་འཛད་སྤྱོད་པའི་དགའ་བསུ་ཐོབ།

རྩོམ་སྒྲིག་པ། རིག་གྲོལ།