ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱི་རྒན་པའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་སྒྲིག་སྲོལ་གྱི་ཕན་འབྲས་མངོན་གསལ་ཡིན་པ།

སྤེལ་དུས 2026-03-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རིག་ལྡན་རྒྱ་མཚོས་བསྒྱུར།

              ཟླ3པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་པའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་སྒྲིག་སྲོལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་རྒན་པའི་སློབ་གསོར་མཐོང་ཆེན་བྱེད་པ་དང་། རྒན་པའི་སློབ་གསོའི་ཁེབས་ཚད་མུ་མཐུད་ནས་རྒྱ་བསྐྱེད་ཅིང་། རྒན་པའི་སློབ་ཆེན་གྱི་གྲངས་ཀ་དང་སློབ་མའི་གཞི་ཁྱོན་གཏན་འཇགས་ངང་འཕར་བ་དང་། མ་ལག་བྱེད་ནུས་མུ་མཐུད་ནས་རྒྱ་བསྐྱེད་ཅིང་། སྤྱི་ཚོགས་ཟབ་ཞུགས་ཚད་དང་ཤན་ཤུགས་ནུས་པ་མཐོར་འདེགས་སུ་སོང་ནས། ཐོག་མར་མཐུན་སྦྱོར་ཤུགས་སྣོན་དང་། མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་ལེགས་པོ་གྲུབ།

              མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་པའི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་སྒྲིག་སྲོལ་སྒྲིག་འཛུགས་དངརྒན་པའི་སློབ་གསོ་གཞི་རིམ་དུ་རྒྱུན་སྲིང་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའཕྱིར་བཏོན་པ་དང་། ཁོངས་མི་ལས་ཁུངས་སོ་སོའི་ཐོན་ཁུངས་གཅིག་སྒྲིལ་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན། སློབ་ཁྲིད་གསར་སྤེལ། སྟེགས་བུ་འཛུགས་སྐྲུན་སོགས་ཐད་ཕན་འབྲས་མངོན་གསལ་བླངས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དུ་མཐུན་སྦྱོར་འཕེལ་རྒྱས་སྒྲིག་སྲོལ་སྒྲིག་འཛུགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་ཏུ་རྒན་པའི་སློབ་ཆེན་གྱི་སློབ་ཁྲིད་བྱེད་ས49ལ་སླེབས། ཡུས་ཧྲུའུ་དང་མཚོ་ལྷོ་སོགས་ས་གནས་ཀྱི“བསྐོར་སྐྱོད་སློབ་ཁྲིད་རུ་ཁག”གི་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་རྣམ་པས། གཞི་རིམ་ཞབས་ཞུའི་མཇུག་མཐའི་སྤྱི་ལེ་གཅིག་ཤར་གཏོང་བྱས།

              སློབ་ཁྲིད་སྒྲིག་བཀོད་ཀྱིས་རྒན་པའི་དགོས་མཁོར་དམ་ཟབ་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒན་པའི་སློབ་གསོས་བསམ་བློ་ཆབ་སྲིད་སློབ་ཁྲིད་དེ་སློབ་ཁྲིད་ཁྲོད་འདྲེས་སུ་བཅུག་པ་དང་། རིག་ནུས་བེད་སྤྱོད་དང་། གཟུགས་འདས་རྩལ་ནུས། ས་ཁོངས་ཁྱད་ཆོས་སོགས་སློབ་ཁྲིད་སྒྲིག་བཀོད་བྱས་ཤིང་། “དྲ་ཐོག་དང་ཡུལ་དངོས”མཉམ་འདྲེས་སློབ་ཁྲིད་སྤྱད་དེ། དགེ་རྒན་གྱི་སྟོབས་ཤུགས་སྲ་བརྟན་དང་། སློབ་ཁྲིད་སྤུས་ཚད་མཐོར་འདེགས་སུ་བཏང་། “རྒན་པའི་སློབ་གསོ+”རྣམ་པ་སྐུལ་འདེད་བཏང་བ་དང་། དང་བླངས་ཞབས་ཞུའི་ཕན་འབྲས་འབུར་ཐོན་ཡིན་ཞིང་། ཁྱོན་བྱ་འགུལ་ཐེངས180སྤེལ་ནས། མང་ཚོགས་མི་ཐེངས་ཁྲི2ལ་ཕན་ཁེ་སྐྲུན་པ་དང་། འབྲེལ་ཡོད་རིག་གནས་ལུས་རྩལ་རྒན་གསོའི་ཞབས་ཞུའི་མཉམ་འབྲེལ་བྱ་བ་སྤེལ་ཏེ། རྒན་པར་ཁ་ཕྱོགས་པའི་དཔལ་འབྱོར་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱས།

              “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ཏེ། མཚོ་སྔོན་གྱིས་མུ་མཐུད་ནས་རྒན་པའི་སློབ་གསོ་སྤུས་ཚད་མཐོར་འདེགས་ཐད་སྐུལ་འདེད་བཏང་། ཁེབས་ཚད་རྒྱ་བསྐྱེད་པ་དང་། གཞི་རིམ་གྱི་ད་ཡོད་ཐོན་ཁུངས་གཅིག་སྒྲིལ་བྱེད་པ། མགྱོགས་མྱུར་ངང་སློབ་ཁྲིད་བྱེད་ས་འཛུགས་སྐྲུན་བྱས་ཏེ། སློབ་ཁྲིད་ནང་སྙིང་ཟབ་སྤེལ་དང་། ཞིང་ཆེན་རིམ་པའི་དགེ་རྒན་མཛོད་དང་སློབ་ཁྲིད་མཛོད་སྒྲིག་འཛུགས་བྱས་ཏེ། ཁྱད་ལྡན་ཟོང་རྟགས་གསར་སྐྲུན་དང་། སྲིད་ཇུས་མ་དངུལ་འགན་སྲུང་ཤུགས་དྲག་ཏུ་བཏང་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟབ་ཞུགས་བྱེད་པར་ཁྲིད་སྟོན་བྱེད་པ། རྒྱུན་རྣམ་ཅན་གྱི་དང་བླངས་ཞབས་ཞུ་དང་རིག་གནས་དམངས་ཕན་བྱ་འགུལ་སྤེལ་ནས། སྡེ་ཁག་འདུས་ཤུགས་གཅིག་སྒྲིལ་སྒོས། སྤྱི་ཚོགས་ཡོངས་ཀྱི་རྒན་པའི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་མཁའ་དབུགས་སྟུག་པོ་ཞིག་གསར་སྐྲུན་བྱས།


རྩོམ་སྒྲིག་པ། རིག་གྲོལ།