ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།

སྤེལ་དུས 2019-07-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། དབང་འདུས།
               སྤྱི་ཚེས་22ཉིན་ནས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲང་ཧའེ་རུ་རྟོག་ཞིང་གནང་ཡོད།
               ལི་ཁེ་ཆང་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཁུལ་གསར་དུ་ཕེབས་ནས། སྤྱིའི་འཆར་འགོད་ཀྱི་སྙན་གསེང་གསན་གནང་བ་དང་། ཁོང་གིས། ཁུལ་གསར་ནི་འདས་ཟིན་པའི་ལོ་ལྔའི་ནང་རང་མོས་ཉོ་ཚོང་ཁུལ་ལག་ལེན་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ཞིང་། སྒོ་དབྱེ་རྒྱ་ཆེར་གསར་པ་བཏང་བ་དང་། སྒྱུར་བཅོས་ལ་འཕེལ་རིམ་གསར་པ་ཐོན་པ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་འཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱེད་པ། སྒོ་སྐབས་གསར་པར་དམ་འཛིན་བྱེད་པ། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་བྱེད་པ། ཤུགས་ཚད་དེ་བས་ཆེ་བའི་སྒྱུར་བཅོས་སྒོ་དབྱེ་བྱེད་པ། བར་ཁམས་འཆར་འགོད་ལེགས་བཅོས་བྱེད་པ། ལེགས་བསྡུས་ཞིབ་གཉེར་གྱི་གསར་སྤེལ་མངོན་འགྱུར་ཐུབ་པ་བཅས་བྱས་ཏེ། ཁུལ་གསར་དེའི་ཐོག་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད་པ་རེད།
               ལི་ཁེ་ཆང་གིས་ཆེད་མངགས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཐད་བརྟག་ཞིབ་དང་འཛུབ་ཁྲིད་གནང་ཡོད། ཁོང་གིས། སྲིད་གཞུང་གི་ལས་དོན་པས་རང་རྟོག་ངང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་ལག་བསྟར་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་གང་མགྱོགས་དམངས་འཚོ་ལེགས་བཅོས་བྱེད་པའི་ལས་དོན་ཟུང་འབྲེལ་བྱས་ཐོག མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་སྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་རང་བཞིན་གྱི་སྲིད་གཞུང་བཙུགས་ནས། མི་དམངས་ཀྱི་འཚོ་བ་དེ་བས་ཡག་པ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། 
               ལི་ཁེ་ཆང་གིས་ཧྲང་ཧའེ་ཡི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཤུགས་ཆེའི་འགོ་ཁྲིད་འོག འབད་འཐབ་གསར་སྤེལ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་ཐད་གོམ་སྟོབས་དེ་བས་ཆེ་བ་སྤོ་བ་དང་། དཔེ་སྟོན་ནུས་པ་འདོན་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། 
               ཞའོ་ཅེ་དང་ཧོ་ལི་ཧྥེང་གིས་ཕེབས་རོགས་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།