ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བཞིན་པ།

སྤེལ་དུས 2019-08-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། དབང་འདུས།
             ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་གི་དུས་རབས་གསར་པ་དང་བྱ་སྤྱོད་གསར་པ། ལེའུ་གསར་པ་སྟེ། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དུས་རབས་གསར་པར་སླེབས་པའི་སྐབས་འདིར་མི་དམངས་དམག་དཔུང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་མཛུབ་ཁྲིད་གནས་བབ་ཁྲོད་བརྟན་པོར་བཙུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་གོམ་པ་བརྟན་པོ་ཞིག་སྤོས་ཡོད།
             བརྒྱད་གཅིག་གི་སྔ་ནུབ་ནི་ཏག་ཏག་ཚ་དུས་གསུམ་པའི་དུས་ཚོད་ཡིན་པ་རེད། མང་ཚོགས་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཚ་གཡོལ་བྱེད་པའི་སྐབས་སུ་ཀྲུང་གོའི་དམག་དཔུང་གིས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ཤུགས་ཚད་ཆུང་ཏུ་བཏང་མེད་པ་རེད། གཡུལ་སའི་དམག་མི་རྩིས་བཤེར་བྱེད་པའི་ཁྲོད་དུ་འཇོན་ཐང་སྦྱོང་བརྡར་བྱེད་པ་དང་། གྲུབ་འབྲས་བཟང་པོ་ཞིག་སྐྲུན་ཐུབ་པ་བྱེད་པ་ནི་ཀྲུང་གོའི་དམག་མིས་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཐབས་ཡག་ཤོས་དེ་ཡིན་པ་རེད། རང་དམག་གི་འཕུར་མདེལ་ཐོན་གསར་ཤོས་སྒྲིག་བཀོད་བྱས་པའི་མེ་ཤུགས་འཕུར་མདའ་དམག་གི་འཕུར་མདེལ་ལུད་ཤོག་ཅིག་ལ་དམག་མི་ཡོངས་རྫོགས་ཞུགས་པ་དང་། དམག་ཆས་ཆ་ཚང་སྤྲས་པ། རྒྱུད་རིམ་ཧྲིལ་པོ་ས་ཁོངས་བརྒལ་བའི་རྣམ་པ་བསྒྱུར་བའི་ནང་སྦྱོང་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་པ་རེད། མེ་ལྟར་ཚ་བའི་ཉི་འོད་འོག་ཏུ་དགྲ་དམག་གི་འཇབ་རྒོལ་ལ་ཁ་གཏད་གཅོག་པ་དང་། སྲུང་སྐར་མྱུལ་ཞིབ་ལས་གཡོལ་བ། བསྟུད་མར་རྒྱང་རིང་དུ་བསྐྱོད་པ་སོགས་ཀྱི་སྦྱོང་བརྡར་བྱེད་བཞིན་ཡོད་ཅིང་། ཁོང་ཚོས་ཉེན་ཁའི་གནས་ཚུལ་དང་། དཀའ་ངལ་གནས་ཚུལ། འགོག་རྐྱེན་འཕྲད་པའི་གནས་ཚུལ་ཁྲོད་རྒྱལ་ཁབ་ཆེན་པོའི་གོ་མཚོན་སྤྱོད་པའི་འཇོན་ཐང་སྦྱོང་བརྡར་བྱེད་བཞིན་ཡོད། ལུད་ཀྲང་གཞོན་པ་ཝུན་ཀྲེན་ཅེས། དུས་ཚོད་ཀྱི་ཧེ་བག་དང་། ངལ་དུབ་ཆེ་བ། གསོ་རླུང་མི་འདང་བ། བཀྲེས་ལྟོགས་ཀྱིས་མནར་བ་སོགས་ཀྱི་གནས་ཚུལ་འོག་ཚན་པའི་འཕུར་མདེལ་ངོ་མ་སྒྲིག་བཀོད་དང་བཀོལ་སྤྱོད་བྱེད་དུ་བཅུག་ནས་དཔོན་དམག་རྣམས་ཀྱིས་གང་མགྱོགས་གཡུལ་སའི་ཁོར་ཡུག་དང་འཕྲོད་པ་དང་། འཕྲལ་སྒྲུབ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་དམག་བཙུགས་བྱས་ནས་ལོ་ངོ་༩༢འཁོར་བར་ལེགས་སྐྱེལ་ཕུལ་ཡོད་ཅེས་གསུངས་ཡོད།
             ལོ་ངོ་༩༢བརྒྱུད་པའི་དམག་འཛུགས་ལོ་རྒྱུས་དང་། ཀྲུང་གོ་གསར་པ་ལོ་ངོ་༧༠རིང་སྲུང་སྐྱོབ་བྱས་པའི་མི་དམངས་དམག་དཔུང་གི་ངོ་བོ་འགྱུར་མེད་པ་དང་། ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མེད། མིག་སྔར་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་འོག་དཔུང་སྡེ་དེའི་འཕུར་སྐྱོད་གོང་འཕེལ་གྱི་ཁ་ཕྱོགས་དང་རིག་ལམ་དེ་བས་གསལ་པོར་གྱུར་ཡོད། ཉེ་ཆར་ཁྱབ་བསྒྲགས་བྱས་མ་ཐག་པའི་དུས་རབས་གསར་པའི་ཀྲུང་གོའི་རྒྱལ་སྲུང་གི་རྒྱབ་ཤ་དཀར་པོའི་དེབ་ནང་དུའང་། ཞི་ཅིན་ཕིང་གི་དམག་དོན་འཐབ་ཇུས་དགོངས་པའི་སྐོར་གྱི་རྣམ་བཤད་ཐེངས་དང་པོ་བེད་སྤྱོད་བྱས་ཡོད། ཀྲུང་དབྱང་དམག་ཨུད་མཉམ་འབྲེལ་དྲག་ཇུས་པུའི་གཡུལ་འཐབ་ཅུད་ཀྱི་ཧྲའོ་ཅང་དམག་དཔོན་ཚའེ་ཀྲི་ཅུན་གྱིས། དམག་དོན་འཐབ་ཇུས་དགོངས་པ་ནི་དམག་དཔུང་གི་དར་ཆའི་ཁྲིད་སྟོན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་། དོན་དངོས་ཀྱི་དམག་དོན་འཐབ་རྩོད་ལ་བཀོད་འདོམས་གནང་བའི་རླབས་ཆེན་ལག་ལེན་ནང་དུས་བསྟུན་མཉམ་སྐྱོད་དང་། དམག་དོན་འཐབ་ཇུས་མཛུབ་སྟོན་གསར་གཏོད་གོང་འཕེལ་གནང་ནས། ཞི་ཅིན་ཕིང་གི་དམག་དོན་འཐབ་ཇུས་དགོངས་པ་སྒྲུབ་པ་དང་། མ་ཁེ་སི་རིང་ལུགས་ཀྱི་དམག་འཐབ་ལྟ་བ་དང་བདེ་འཇགས་ལྟ་བའི་ཡུལ་ཁམས་གསར་པ་ཞིག་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཐབ་ཇུས་ཇུས་འགོད་ཀྱི་ཡུལ་ཁམས་གསར་པ་ཞིག་གཏོད་ཡོད་པས། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་ལྡོག་མེད་གདམ་ག་ཡིན་པ་དང་། གཡུལ་འགྱེད་ཇུས་འགོད་དང་གཡུལ་ལས་རྒྱལ་ཐབས་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན་ལ། དམག་ཡོངས་གོང་འོག་ཚང་མའི་ཐུན་མོང་གི་རེ་སྒུག་ཀྱང་ཡིན་ཞེས་གསུངས་ཡོད།
             སྐམ་དམག་གི་ཚོགས་པའི་དམག་༧༨ཀྱི་མཉམ་སྒྲིག་ལུད་ཤོག་ཅིག་གིས་རྐམ་དམག་དང་། མེ་སྒྱོགས་དམག གོ་ཁྲབ་དམག མྱུལ་ཞིབ་དམག་སོགས་དམག་རིགས་མང་པོ་མཉམ་སྒྲིག་བྱས་ནས། དམག་འཐབ་ནུས་པ་བསྒྱུར་བཅོས་མ་བྱས་གོང་གི་སྲོལ་རྒྱུན་དམག་རིགས་ལུད་ཤོག་ལས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་ཡོད། ལོ་ཤས་རིང་སྦྱོང་བརྡར་བྱས་པ་བརྒྱུད། དེ་སྔོན་གྱི་རྙོག་འཛིང་ཆེ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་ཆས་འགན་ལེན་གྱི་དཀའ་གནད་ཀྱང་དཔོན་དམག་ནས་བདེ་བླག་ངང་ཐག་གཅོད་ཐུབ་ཡོད།
             དངོས་འཐབ་ནུས་པ་མཆོང་བརྒལ་ལྟ་བུས་ཆེ་རུ་ཕྱིན་པ་ནི་བསྒྱུར་བཅོས་ཀྱི་དམག་དཔུང་སྟོབས་ཆེར་བཏང་བ་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས་ཡིན། ཀྲུང་དབྱང་དམག་ཨུད་ནས་གཞི་རིམ་དཔུང་སྡེའི་བར་རྙིང་དོར་གསར་བརྗེའི་རླབས་ཆེན་འཕོ་འགྱུར་ཞིག་གིས་མི་དམངས་དམག་དཔུང་ལ་སྔར་བས་གསོན་ཤུགས་ཀྱིས་ཁེངས་པ་བྱས་ཡོད། ཀྲུང་དབྱང་དམག་ཨུད་ཀྱི་བསྒྱུར་བཅོས་དང་སྒྲིག་ཁོངས་གཞུང་ལས་ཁང་གི་ཏ་ཞའོ་དམག་དཔོན་ཝང་ཝེ་ནས། ཐེངས་འདིའི་རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་གཡུལ་འགྱེད་ཆེན་པོ་གསུམ་ལ་གཞིགས་ནས་བྱས་པ་ཞིག་ཡིན། གཡུལ་འགྱེད་དང་པོ་ནི། ཐོག་མར་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་བསྒྱུར་བཅོས་བྱས་ནས། གཙོ་གནད་ཐོག་སྒྲིག་གཞིའི་རང་བཞིན་གྱི་འགོག་རྐྱེན་ཐག་གཅོད་བྱས་ཡོད། གཡུལ་འགྱེད་གཉིས་པ་ནི་གཞི་ཁྱོན་གྲུབ་གཞི་དང་སྟོབས་ཤུགས་སྒྲིག་བཀོད་བསྒྱུར་བཅོས་བྱས་ནས་གཙོ་གནད་ཐོག་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་བྱས་ཡོད། གཡུལ་འགྱེད་གསུམ་པ་ནི་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། གཙོ་གནད་ཐོག་སྲིད་ཇུས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ཡོད། དམག་ཡོངས་ཀྱི་དཔོན་དམག་གིས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བསྒྱུར་བཅོས་འཐབ་ཇུས་བཀོད་སྒྲིག་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱས་ནས། བསྒྱུར་བཅོས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་རྔམ་བརྗིད་ལྡན་པའི་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད་ཅེས་གསུངས་ཡོད།
             ཁྲག་འདོན་དམར་འཛིང་གི་གཟི་བརྗིད་ཁྲོད་ནས་ཡོང་བ་དང་། འཛམ་གླིང་གི་རྩེ་དྲའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་མཆིས། མཉམ་འབྲེལ་ནང་སྦྱོང་བྱེད་པ་ནས་དམག་གྲབས་སྐུལ་སྤེལ་བྱེད་པ་དང་། མཐའ་མཚམས་བརྟན་སྲུང་བྱེད་པ་ནས་འཇིགས་རྒོལ་ཞི་སྲུང་བྱེད་པ། རྒྱལ་སྤྱིའི་ཞི་སྲུང་ནང་ཞུགས་པ་ནས་མཐའ་རིང་རྒྱ་མཚོར་བསྐྱོད་ནས་མཚོ་འགྲུལ་སྲུང་སྐྱེལ་བྱེད་པ། ཉེན་སྐྱོབ་གནོད་སེལ་བྱེད་པ་ནས་དབུལ་སྐྱོར་དཀའ་རོགས་བྱེད་པ་བཅས་ཀྱི་བར་དུས་རབས་གསར་པའི་ཀྲུང་གོའི་དམག་དཔུང་གིས་སྔར་བར་ཕྱི་གསུམ་དུ་སྔོན་ལ་གདོང་མཆོང་བྱེད་པ་དང་། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།