ལི་ཀྲན་ཧྲུའུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོང་ཚོགས་ཀྱི་ཟུར་ཞུགས་འཐུས་མིས་བཞུགས་མོལ་གནང་བ།
སྤེལ་དུས 2019-08-26
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིས་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་༢༥ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཟུར་བཞུགས་གནང་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཁག་ལག་བསྟར་ནན་ཏན་བྱེད་པ། ཁྲིམས་ལུགས་བརྩི་སྲུང་དང་། ཁྲིམ་ལུགས་དྲིལ་བསྒྲགས། ཁྲིམས་ལུགས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཁྲོད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
བཞུགས་མོལ་ཚོགས་འདུར་ཞུགས་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་༥༡མང་ཆེ་བ་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཕེབས་པ་ཤ་སྟག་ཡིན་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་། རང་ཉིད་ཀྱི་འགན་སྒྲུབ་ཉམས་མྱོང་དང་མྱོང་ཚོར་ལྷུག་གླེང་ཞུས་ནས། ལས་དོན་དངོས་སྒྲུབ་སྐབས་གང་འདྲ་བྱས་ནས་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་། གང་འདྲ་བྱས་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་དགོས་མིན། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གང་འདྲ་བྱས་ནས་ལེགས་པོ་སྒྲུབ་དགོས་མིན་ཐད་གྲོས་འགོ་དང་བསམ་འཆར་བཏོན་གནང་ཡོད། ལི་ཀྲན་ཧྲུའུ་ཡིས་འཐུས་མི་ཚོས་ཞུས་པར་གསན་གྱིན་ཟིན་བྲིས་བསྐྱོན་གནང་བ་དང་། བར་དུ་ཚང་མ་དང་སྤེལ་རེས་གནང་ཡོད། ལི་ཀྲན་ཧྲུའུ་ཡིས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ཀྱི་སྔོན་འགྲོ་དང་རྩ་བ་ཡིན། འཐུས་མི་ཚོའི་བྱེད་པོའི་གནས་བབ་ལ་བརྩི་བཀུར་ཞུས་ནས། འཐུས་མིའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་དེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། འཐུས་མི་ཚོས་ཁྲིམས་ལྟར་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་དེ་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཞིག་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཕྲག་སྟེང་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་གལ་ཆེན་དང་། ཏང་དང་མི་དམངས་ཀྱིས་བཅོལ་བའི་ཡིད་ཆེས་དང་མངག་བཅོལ་ཆེན་མོ་འཁུར་ཡོད། འཐུས་མིའི་ལས་འགན་ནི་ཁྲིམས་གཏན་འཁེལ་བ་ཞིག་དང་། དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། འཐུས་མིའི་བཅའ་ཁྲིམས་དང་འགན་འཁྲི་ལག་བསྟར་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་གཏམ་འབེབས་གཞན་དག་ལ་སློབ་སྦྱོང་ནན་ཏན་བྱས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་དབང་ཚད་ལ་གཞིགས་ནས། ཁྲིམས་ལུགས་གོ་རིམ་ལ་བརྩི་སྲུང་ཞུ་བ་དང་། འཐུས་མིའི་དབང་ཆ་ཡང་དག་པའི་ངང་ལག་ལེན་ཁྱོན་ཡོངས་ནས་བྱེད་པ། འཐུས་མིའི་འོས་འགན་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་ཧུར་ཐག་སྒྲུབ་པ། མི་དམངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་གཏོང་བའི་ཐད་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།