ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཁེ་ལས་པའི་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་ནས་བཞུགས་མོལ་བྱས།

སྤེལ་དུས 2019-09-12 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་ཁེ་ལས་པའི་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ཨ་མེ་རི་ཁའི་བཟོ་ཚོང་ཁེ་ལས་ལས་རིགས་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་འཐུས་མི་བཅས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སོགས་དང་སྦྲེལ་ནས་ལྟ་ཚུལ་དང་གྲོས་གཞི་བཏོན། ལི་ཁེ་ཆང་གིས་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་ཁེ་ལས་པའི་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ཨ་མེ་རི་ཁའི་བཟོ་ཚོང་ཁེ་ལས་ལས་རིགས་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་འཐུས་མི་བཅས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སོགས་དང་སྦྲེལ་ནས་ལྟ་ཚུལ་དང་གྲོས་གཞི་བཏོན། ལི་ཁེ་ཆང་གིས་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་།
             ལི་ཁེ་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་ཡིན། ལོ་ངོ་བཞི་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་ལ་སོང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་སོ་སོར་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་གཉིས་ཡིན་པས། ཕྱོགས་གཉིས་ཀྱི་བར་ལ་ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་མང་པོ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གཞིར་འཛིན་པ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྩ་དོན་ལྟར་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། ཕྱོགས་གཉིས་ཀྱིས་ཁས་ལེན་བྱེད་ཐུབ་པའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་རྙེད་ཡོད་པ་རེད།
             ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་ཆེན་ཆེ་ནས་ཆེ་རུ་ཕྱེ་བཞིན་ཡོད་ལ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་དངོས་སུ་ཤུགས་སྣོན་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ནང་དུ་ཐོ་འགོད་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ལྟ་ཚུལ་གཅིག་མཐུན་བཟུང་ནས། ཤེས་བྱའི་ཐོན་དབང་ལ་སྔར་ལས་མཐོང་ཆེན་དང་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར།
             ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས། ཁོ་ཚོས་བསྟན་དོན། འདིར་ཡོད་ཀྱི་ཨ་མེ་རི་ཁའི་ཁེ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་བདེན་དཔང་དང་དེའི་ཁྲོད་དུ་ཟབ་ཞུགས་བྱས་པ་དང་། ཀྲུང་གོར་སྡོད་པའི་ཁེ་ལས་ལས་དོན་རྒྱ་སྐྱེད་པ། ཀྲུང་གོར་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་ཡུན་རིང་མཉམ་ལས་ཀྱི་གོ་སྐབས་བཟང་པོ་འཚོལ་ཞིབ་བྱས། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་གྲུབ་འབྲས་གསར་བ་བླངས་ནས་སྔ་མོ་ནས་གྲོས་མཐུན་འགོད་པར་རེ་བ་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
             ཧི་ལི་ཧྥིན་དང་ཙིན་ཕེ་ཡན་གཉིས་གོང་གསལ་བྱ་འགུལ་ལ་ཞུགས།
རྩོམ་སྒྲིག་པ། སངས་སྐྱབས།