ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱ་གར་དུ་ཕེབས་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་པར་ཞུགས་རྒྱུ་མ་ཟད་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།

སྤེལ་དུས 2019-10-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཏི་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལིའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་11ཉིན་ནས་13ཉིན་བར་ཁག་སོ་སོར་རྒྱ་གར་དུ་ཕེབས་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་མོལ་ཐེངས་གཉིས་པར་ཞུགས་རྒྱུ་མ་ཟད། ཉེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།
            ཕྱི་འབྲེལ་པུས་སྤྱི་ཟླ་10པའི་ཚེས་9ཉིན་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པའི་ཟུར་གསལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། འབྲེལ་ཡོད་འགན་འཁུར་མི་སྣས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་མོལ་ཐེངས་གཉིས་པར་ཞུགས་རྒྱུ་མ་ཟད། ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
            ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལོ་ཀྲའོ་ཧུའེ་ཡིས། ཐེངས་འདིའི་འཚམས་འདྲི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་ཐེངས་ཐོག་མ་དེ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་དུས་ཡུན་ལོ་ངོ་23སོང་རྗེས་སླར་ཡང་ནེ་པ་ལར་འཚམས་འདྲི་གནང་བ་ཞིག་རེད། ཅིན་ནའེ་དུ་བཞུགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མོ་ཏིའི་བར་གནམ་འོག་གི་དོན་ཆེན་གླེང་རྒྱུ་མ་ཟད། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གོང་འཕེལ་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་བཅས་ཐད་འབྲེལ་གཏུག་གཏིང་ཟབ་གནང་རྒྱུ། དུས་མཚམས་རྗེས་མའི་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གོང་འཕེལ་གཏོང་ཆེད་བྱེད་ཕྱོགས་གཏན་འཁེལ་དང་ཁ་ཕྱོགས་གསལ་སྟོན་གནང་སྟེ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་འཕེལ་རིམ་གསར་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་དང་།
            ལོ་ཀྲའོ་ཧུའེ་ཡིས། ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲིར་ལོ་རྒྱུས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནས་་ཙུང་ཐུང་པན་ཏ་ལིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་དང་དགའ་བསུ་བཞུ་བའི་གསོལ་སྟོན་ལ་བཞུགས་རྒྱུ་དང་། ཙུང་ཐུང་པན་ཏ་ལི་དང་མཇལ་འཛོམས་གནང་རྒྱུ། ཙུང་ལི་ཨའོ་ལིད་བར་གྲོས་མོལ་གནང་རྒྱུ་མ་ཟད་ཁྱབ་ཁོངས་མང་པོའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་བདེན་དཔང་གནང་རྒྱུ། ནེ་པ་ལ་གུང་ཁྲན་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་ཕུའུ་ལ་ཁྲང་ཏ་དང་ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་འགན་འཁུར་མི་སྣ་དང་འབྲེལ་ཡོད་སྲིད་ཏང་གི་འགོ་ཁྲིད་པ་དང་ཐུག་འཕྲད་གནང་རྒྱུ་རེད་ཅེས་བསྟན་པ་དང་།
            ལོ་ཀྲའོ་ཧུའེ་ཡིས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས། གཅིག་ནས་སླད་ཕྱིན་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བའི་གོང་འེཕལ་ཆེད་འཆར་འགོད་གསར་པ་གནང་སྟེ། ཐུན་མོང་ཐོག་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དུས་རབས་གསར་པ་གཏོད་རྒྱུ་དང་། གཉིས་ནས་ཆབ་སྲིད་ཐད་ཕན་ཚུད་ཡིད་ཆེས་བྱ་ཤུགས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ནེ་པ་ལའི་མི་རབས་ནས་མི་རབས་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུ། གསུམ་ནས་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་པོའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རི་བོ་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་བ་འཛུགས་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་རྒྱལ་པོའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཆེད་སྒུལ་ནུས་གསར་པ་སྣོན་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།