ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁོང་རྣམ་པས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་འདུག

སྤེལ་དུས 2019-11-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་22ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་19ཡི་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ་རེད།
             མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་གྲལ་སྟར་འགྲིག་པོས་ལངས་བ་དང་དུང་པས་མགྲོན་བསུའི་དུང་བརྡ་བཏང་བ་རེད། གཞུང་ཚབ་པ་ཚོ་སྔ་རྗེས་སུ་འབྱོར་བ་དང་ས་གདན་དམར་པོའི་ཐོག་ནས་བསྐྱོད་དེ་པེ་ཅིང་ཚོམས་ཆེན་དུ་བསྐྱོད་ནས་ཞི་ཅིན་ཕིང་ལ་རྒྱལ་ཡིག་རེ་རེ་བཞིན་ཕུལ་ཡོད། ཁོང་རྣམ་པ་ནི་ལ་ཐེ་ཝེ་ཡའི་གཞུང་ཚབ་ཆེན་མོ་མ་ཉི་ཁ་དང་། འབར་མའི་གཞུང་ཚབ་ཆེན་མོ་མེའོ་ཏན་ཕེ། ཧོ་ལན་གྱི་གཞུང་ཚབ་ཆེན་མོ་ཧོ་ཝུའེ་རྨིན། ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་ཧོའུ་སའེ་ཉི། སི་ལོ་ཝེ་ཉི་ཡའི་གཞུང་ཚབ་ཆེན་མོ་སུའུ་ལན། ཁ་ན་ཏའི་གཞུང་ཚབ་ཆེན་མོ་པའོ་ཏ་རྨིན། པུ་ཅི་ན་ཧྥ་སུའོ་ཡི་གཞུང་ཚབ་ཆེན་མོ་བ་ཁུང་པོ་ལེ། ལོ་སིའི་གཞུང་ཚབ་ཆེན་མོ་བ་ཁན་པའོ། པུ་རུ་ནེའི་གཞུང་ཚབ་ཆེན་མོ་ལ་ཧོ་མ་ཉི་དང་། ཝེ་ཐེ་ནམ་གྱི་གཞུང་ཚབ་ཆེན་མོ་ཧྥན་ཤིན་མེ། ཁོ་སི་ཐ་རི་ཁའི་གཞུང་ཚབ་ཆེན་མོ་ཏེར་ཅ་ཏོ། བྷང་ག་ལའི་གཞུང་ཚབ་ཆེན་མོ་བཀྲ་མན། རུ་ཝང་ཏའི་གཞུང་ཚབ་ཆེན་མོ་ཅི་མོ་ཉི་ཨའོ། ཐེ་ལན་གྱི་གཞུང་ཚབ་ཆེན་མོ་ཨ་ཐ་ཡུས། ཨེ་ཅིབ་ཀྱི་གཞུང་ཚབ་ཆེན་མོ་པ་ཏེ་ལི། ཕ་ན་མའི་གཞུང་ཚབ་ཆེན་མོ་ཀན་ལིན། སིང་ཀ་ཕོར་གྱི་གཞུང་ཚབ་ཆེན་མོ་ལུའེ་ཏེ་ཡའོ། ཧ་སག་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཁོ་དབྱི་ཧྲེ་པ་ཡེ་ཧྥུ། ཁུ་པའི་གཞུང་ཚབ་ཆེན་མོ་ཕེ་ལེ་ལ་བཅས་ཡིན་པ་རེད།
             ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་བ་ཀྲུང་གོར་ལས་འགན་གསར་པ་སྒྲུབ་པར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རོགས་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཁག་བར་གྱི་མཛའ་གྲོགས་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཁག་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོས་འགན་འཁྲི་སྒྲུབ་པར་སྟབས་བདེ་བསྐྲུན་པ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པས། གཞུང་ཚབ་པ་ཚོས་ཀྲུང་གོ་དང་རྒྱལ་ཁབ་ཁག་གི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
             གཞུང་ཚབ་པ་ཚོས་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་དང་དེ་བཞིན་ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁོང་ཚོས། རྒྱལ་ཁབ་ཁག་གིས་ཀྲུང་གོའི་བར་འགྲོ་འོང་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་འདོད་ཡོད། ཀྲུང་གོར་སླེབས་པ་དེ་ཁོང་ཚོའི་གཟི་བརྗིད་ཡིན་པས། ཁོང་ཚོས་རང་རྒྱལ་ཁབ་དང་ཀྲུང་གོ་ཕྱོགས་གཉིས་པོའི་བར་གྱི་འབྲེལ་བ་གོང་འཕེལ་ཡོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
             ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།