ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་རི་རིམ་མཐོའི་མི་ཆོས་རིག་གནས་སྤེལ་རེས་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས 2019-11-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་རྣམ་གཉིས་ཀྱིས་ཀྲུང་རི་རིམ་མཐོའི་མི་ཆོས་རིག་གནས་སྤེལ་རེས་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་གྲོང་ཁྱེར་ཐོ་ཁེའོ་རུ་འཚོགས་པར་ཁག་སོ་སོས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
             རྟེན་འབྲེལ་འཕྲིན་ཡིག་ནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་དབར་ཆུ་བོ་གཅིག་ལས་ཆོད་མེད་པས། ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། ལོ་ངོ་2000ལྷག་ཙམ་འགྲོ་འོང་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་སློབ་སྦྱོང་དང་མྱོང་རོལ་བྱེད་རེས་བྱས་པས་རང་ངོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་མ་ཟད། ཨེ་ཤེ་ཡའི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་ཀྱང་ཕུལ་ཡོད། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱིས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་རིག་གནས་ཀྱི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དུས་བབ་ལ་སྟངས་འཛིན་བྱེད་པ་དང་། རླབས་རྒྱུན་དང་འགྲོགས་པ། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་གྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
             རྟེན་འབྲེལ་འཕྲིན་ཡིག་ནང་། ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་ཡོད། ཀྲུང་རི་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ལམ་སྲོལ་འདི་ཡག་པོ་སྤྱད་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་འཛུགས་པ་དང་ལེགས་སུ་གཏོང་རྒྱུར་མི་ཆོས་རིག་གནས་ཀྱི་འདེགས་སྐྱོར་བྱེད་རེ་ཡོད་པའི་ནན་བཤད་གནང་ཡོད།
             ཨན་པེ་ཅིན་སན་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང་། རི་པིན་དང་ཀྲུང་གོའི་རིམ་མཐོའི་མི་ཆོས་རིག་གནས་སྤེལ་རེས་གྲོལ་མོལ་ལམ་སྲོལ་ནི་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཏ་པན་ཞལ་འཛོམས་ཐོག་ངོས་འཛིན་གཅིག་མཐུན་བྱུང་བ་ཞིག་རེད། དེའི་དམིགས་ཡུལ་ནི་སྤེལ་རེས་ཟབ་མོ་བྱས་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་སེམས་ཟབ་ཏུ་གཏོང་ཆེད་རེད། ལམ་སྲོལ་གྱིས་ཕྱོགས་གཉིས་ལ་དུས་རབས་གསར་པ་དང་འཚམ་པའི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་འཛུགས་རྒྱུར་དམངས་ཀྱི་འདོད་མོས་རྨང་གཞི་བརྟན་དུ་བཏང་སྟེ་རི་པིན་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་གསར་པ་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།