ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

གསར་འགོད་པ་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་ལ་བདེན་པའི་ཆ་ག་ཚོད་ཡོད་དམ། ཐེ་རོན་ཕུས་གྱིས་བློན་ཆེན་པོ་མངགས་ཏེ་གྱོད་དོན་ལ་ཞིབ་བཤེར་རྩད་གཅོད་བྱས་ཤིང་། སོ་ཏི་ཨ་རབ་ཀྱིས་གློད་ཀྱང་སྲིད།

སྤེལ་དུས 2018-10-18 ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

           ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ10པའི་ཚེས16ཉིན་གློག་འཕྲིན་འབྱོར་གསལ ཕྱོགས་བསྡུས་གནས་ཚུལ་སྤེལ་བ་ལྟར་ན སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཐུར་ཁེ་ནས་གར་སོང་ཆ་མེད་དུ་གྱུར་བའི་དོན་རྐྱེན་མུ་མཐུད་དུ་ཛ་དྲག་ཅན་དུ་གྱུར་བར་མ་ཟད་ཨ་རི་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་ྟེ ཕྱི་ཕྱོགས་ཀྱིས་དོ་ཁུར་རྒྱ་ཆེན་པོ་བྱེད་ཀྱི་ཡོད ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་རྒྱལ་དོན་བློན་ཆེན་སོ་ཏི་ཨ་རབ་ལ་མངགས་ནས་གྱོད་དོན་འདིར་བརྟག་དཔྱད་བྱེད་དུ་བཅུག་ཡོད་པ་བསྟན ཐུར་ཁེའི་བརྟག་དཔྱད་ཚོ་ཆུང་གིས་ཀྱང་གཞི་ནས་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད སོ་ཏི་ཨ་རབ་ཀྱིས་ཁཱ་ཧྲུའུ་ཅི་གཞུང་ཚབ་དོན་གཅོད་ཁང་དུ་དོན་རྐྱེན་བྱུང་བའི་གནས་ཚུལ་གཏན་ནས་ཁས་མ་བླངས་ཀྱང གནས་ཚུལ་སྤེལ་བ་ལྟར་ན སོ་ཏི་ཨ་རབ་ཕྱོགས་ཀྱིས་གསར་འགོད་པ་འདྲི་གཅོད་ལས་ཤི་བའི་གསལ་བསྒྲགས་སྤེལ་ཡོད་ཀྱང་སྲིད་ཅེས་བཤད 

           ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་རྒྱལ་དོན་བློན་ཆེན་སོ་ཏི་ཨ་རབ་ལགྱོད་གཞིར་ཞིབ་བཤེརབྱེད་པར་མངགས་པའི་དོགས་གཞི 

           སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཐུར་ཁེ་ནས་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ སོ་ཏི་ཨ་རབ་སྐྱོན་འདོན་ཞུ་གཏུག་བྱ་བའི་གྱོད་གཞི་དང་འབྲེལ་བ་ཡོད་པའི་དབང་གིས ཨ་རི་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་ལའང་ཤུགས་རྐྱེན་ཐེབས་ཡོད་ཅིང་ ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཉེ་ཆར་གནད་དོན་དེའི་ཐད་རྣམ་འགྱུར་བསྟུད་མར་བསྟན 

           ཚེས15ཉིན་ཐེ་རོན་ཕུས་རྩོམ་ཡིག་སྤེལ་ཏེ་ཁོས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་དང་སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཁཱ་ཧྲུའུ་ཅི་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་རི་ཡ་ཏེར་འཚམས་འདྲི་བྱས་ཏེ་གནས་ཚུལ་གསལ་ཐག་གཅོད་པར་མངགས་གཏོང་བྱས 

           ཐེ་རོན་ཕུ་ཡིས་བྲིས་དོན ངས་ད་སོ་མར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་དང་གླེང་མོལ་བྱས་ཤིང་ ཁོས་སོ་ཏི་ཨ་རབ་ཀྱི་སྤྱི་དམངས་ཀྱི་ལུས་སྟེང་དུ་བྱུང་སྲིད་པའི་དོན་དེའི་གནས་ཚུལ་རྟོགས་པའི་ཁས་མ་བླངས ཁོང་གིས་སོ་ཏི་ཨ་རབ་ཀྱི་ཐད་ནས་ཐུར་ཁེ་དང་མཉམ་ལས་ཟབ་ཏུ་བཏང་ནས་གྱོད་གཞི་དེར་རྩད་ཆོད་མཐའ་གསལ་བྱེད་བཞིན་ཡོད ངས་ལམ་སེང་རྒྱལ་དོན་བློན་ཆེན་སོ་ཏི་ཨ་རབ་དང་མཇལ་འཛོམས་གནང་བར་མངགས་གཏོང་བྱས་པ་ཡིནཞེས་བསྟན་ཡོད 

           ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་དོན རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཚེས15ཉིན་སོ་ཏི་ཨ་རབ་ཏུ་བསྐྱོད་དེ ཙུང་ཐུང་གིས་ཁཱ་ཧྲུའུ་ཅི་གར་སོང་ཆ་མེད་དུ་གྱུར་པར་ལམ་སེང་སྤྱི་བསྒྲགས་ཀྱིས་བརྟག་དཔྱད་བྱ་རྒྱུའི་རེ་འདུན་ཞུས 

           ཐེ་རོན་ཕུས་དེ་གོང་ད་དུང་སོ་ཏི་ཨ་རབ་ཀྱིས་ཁཱ་ཧྲུའུ་ཅི་བསད་པ་ཤེས་ཚེ་སོ་ཏི་ཨ་རབ་ལ་ཉེས་ཆད་ནན་པོ་གཅོད་དགོས་ཞེས་རྣམ་འགྱུར་བསྟན 

           བརྟག་དཔྱད་ཀྱི་འཕེལ་རིམ ཐུར་ཁེའི་བརྟག་དཔྱད་ཚོགས་ཆུང་གིས་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་བརྟག་དཔྱད་བྱས་པ 

           སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཐུར་ཁེའི་གར་སོང་ཆ་མེད་དུ་གྱུར་རྗེས ཐུར་ཁེ་དང་སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་གར་སོང་ཆ་མེད་དུ་གྱུར་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད དེའི་སྔོན་ལ ཐུར་ཁེའི་དབང་འཛིན་ལས་ཁུངས་ལ་སོ་ཏི་ཨ་རབ་གཞུང་ཚབ་ཁང་གི་ཐོག་ཁང་དུ་འཛུལ་ནས་བརྟག་དཔྱད་བྱེད་ཆོག་པའི་ཆོག་མཁན་གཏན་ནས་མ་འཐོབ 

           ཡིན་ནའང་ དོན་དག་དེའི་རྗེས་ནས་ལེགས་འགྱུར་བྱུང་བ་སྟེ ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨ་ཁི་སོའོ་ཡིས་ཚེས9ཉིན་བསྟན་དོན སོ་ཏི་ཨ་རབ་ཕྱོགས་ཀྱིས་ཐུར་ཁེ་དབྱི་སི་ཐན་པུར་བཅོད་སྡོད་བྱས་པའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་དུ་འཛུལ་ཏེ་སྔོག་བཤེར་བྱས་ཆོག་པའི་ཆོག་མཆན་གནང་བ་རེད 

           ཚེས15ཉིན་གྱི་དགོང་མོར ཐུར་ཁེའི་བརྟག་དཔྱད་ཚོགས་ཆུང་ཞིག་སོ་ཏི་ཨ་རབ་ཐུར་ཁེར་བཅའ་སྡོད་བྱས་པའི་དབྱི་སི་ཐན་པོར་གཞུང་ཚབ་ཁང་དུ་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད 

           གསར་འགྱུར་བསྒྲགས་པ་ལྟར་ན ཐུར་ཁེའི་བརྟག་དཔྱད་ཚོགས་ཆུང་ནི་ཉེན་རྟོག་པ་དང་ ཉེས་གསོག་ས་གནས་ས་ཐོག་གི་བརྟག་དཔྱད་མི་སྣ་དང་ཞིབ་དཔྱོད་དཔོན་བཅས་ཀྱིས་གྲུབ་ཅིང་ ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ད་དུང་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་གི་མཐའ་འཁོར་གྱི་བདེ་སྲུང་ཉེན་ཟོན་ལ་ཤུགས་སྣོན་བྱས་ཏེ་གཞུང་ཚབ་ཁང་དུ་བསྐྱོད་པའི་འགྲོ་ལམ་ཡོད་ཚད་བཀག་སྡོམ་བྱས 

           གྱོད་དོན་དང་འབྲེལ་ཡོད་དམ སོ་ཏི་ཨ་རབ་ཀྱིས་གསར་འགོད་པ་འདྲི་གཅོད་ལས་ཤི་བའི་གསལ་བསྒྲགས་སྤེལ་བ 

           ཟླ10པའི་ཚེས3ཉིན ཐུར་ཁེའི་ཨ་རབ་སྨྱན་གཟུགས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ནང་སྤེལ་དོན ཨ་རིའིཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པརགྱི་དཔྱད་གཏམ་མཁན་དང་ཨ་རིར་སྡོད་པའི་ཧ་སུའུ་ཅི་ཐུར་ཁེར་བཅའ་སྡོད་བྱས་པའི་དབྱི་སི་ཐན་པུར་སྤྱི་ཁྱབ་གཞུང་ཚབ་ཁང་དུ་གར་སོང་ཆ་མེད་དུ་གྱུར་ཞིང་ ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཁཱ་ཧྲུའུ་ཅི་ནི་གཞུང་ཚབ་དོན་གཅོད་ཁང་དུ་རྐྱེན་ལམ་དུ་ཤོར་བར་འདོད ཨ་རབ་སྲིད་གཞུང་གིས་ཁཱ་ཧྲུའུ་ཅི་གཞུང་ཚབ་ཁང་ནས་ཁ་གྱེས་ཚར་བའི་གནས་ཚུལ་རྒྱུན་འཁྱོངས་བྱས 

           ཨ་རིའི་CNN བརྙན་འཕྲིན་ལས་ཁུངས་ཀྱིས་མིང་བཀབ་ནས་འཕྲིན་སྤེལ་བའི་མི་གཉིས་ཀྱི་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་དེའི་གསར་འགོད་པ་ཁཱ་ཧྲུའུ་ཅིམི་འོས་པའིའདྲི་གཅོད་ཅིག་གི་ཁྲོད་དུ་གཅར་རྡུང་བྱས་ནས་བསད་སོང་ཞེས་གསལ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་བྱས 

           དེའི་ཁྲོད་ཀྱི་གནས་ཚུལ་ཤེས་པའི་མི་གཅིག་གིས་བཤད་དོན སོ་ཏི་ཨ་རབ་ཕྱོགས་ཀྱི་སྙན་སེང་སྔར་བཞིན་གྲ་སྒྲིག་བྱེད་བཞིན་ཡོད་པར་མ་ཟད་བཟོ་བཅོས་བྱེད་ཀྱང་སྲིད་ཟེར ཡང་ཅིག་གིས་སྙན་སེང་ཁྲོད་དུ་སྡོམ་ཚིགབཀོད་ཡོད་ཤས་ཆེབ་སྟེ བྱ་སྤྱོད་ལ་ཆོག་མཆན་འཐོབ་མེད་པར་མ་ཟདགསལ་ཆའི་རང་བཞིནམེད་པ་དང་ དོན་དེ་དང་འབྲེལ་བའི་བྱེད་མཁན་ལ་འགན་འཁྲིའི་བདའ་འདེད་གཏོང་རྒྱུ་རེད་ཟེར